R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༨༦
[A:༡༨༦]ལ་བརྟེན་པ་དབང་བཞི་བྱིན་རླབས་ཚུལ་དང༌། དེ་དག་གི་ལས་ཚོགས་ཀྱི་ལུང༌། གཞན་ཡང་བ་རི་རིན་ཅེན་གྲགས་ཀྱིས་བསྒྱུར་བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ལ། སྒྲུབ་ཐབས་ཟུང་དང་བཅས་པ་གོ་དྲུག་བཞུགས་པའི་རྗེས་གནང་བརྒྱད་ཅུ་ཐམ་པ། པཎ་གྲུབ་ཆེན་པོ་ཨབྷ་ཡཱ་ཀ་རས་བཀྲལ་བའི་རྒྱལ་མཚོ་ལ། སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་བཞུགས་པ་ལ། རྗེས་གནང་བརྒྱ་དང་བཅུ་ལུང་དང་བཅས་པ། སྣ་ཚོགས་ཡུམ་གྱི་རྗེས་གནང་ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་རྗེས་གནང་དང་བཅས་པ། ཀུན་རིག་སོགས་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་རས་བྲིས་ལ་བརྟེན་པའི་དབང་དང་ཡི་གེ་མང་པོའི་ལུང༌། གཞན་ཡང་རང་ལོ་སོ་བརྒྱད་པ་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་མན་ངག་ཚད་མ་སྙན་བརྒྱུད་བཞིའི་བར་མ་ཆད་པའི་གདམས་པ་རྒྱ་མཚོ་ལྟ་བུ་ཐོས་པ་ལ། བཀའ་བབས་བཞི་པའི་དང་པོ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརཱུ་པ་ནས་བརྒྱུད་པའི་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་རྗེས་གནང༌། གཉིས་པ་རྡོ་རྗེ་གདན་པ་ལས་བརྒྱུད་པའི་སྒྲུབ་ཐབས་ཀུན་ལས་བཏུས་ཀྱི་མགོན་རྐྱང་གི་རྗེས་གནང༌། གསུམ་པ་ཁ་ཆེན་པཎ་ཆེན་ནས་བརྒྱུད་པའི་གསང་སྒྲུབ་སྤུ་གྲི་སྐོར་གསུམ། བཞི་པ་མལ་ལོ་ནས་བརྒྱུད་པ་འདི་ལ་བཀའ་བབས་གཉིས་སམ་དོན་གྱིས་བཞི་དང་ལྡན་པ་སྙིང་པོའི་མན་ངག་ཟབ་ཅིང་རྟོགས་པར་དཀའ་བ་འུར་བརྒྱངས་ཅན་གྱི་མཁས་གྲུབ་ཕལ་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་གསང་ཆེན། རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བཞུགས་པའི་སྙན་བརྒྱུད་རིན་པོ་ཆེའི་སྐོར་ལ། ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པའི་ཐོག་མར་ཐུན་མོང་བ་ལྕམ་དྲལ་སྔགས་ཏེ་སྒྲུབ་པ་དང༌། ཐུན་མོང་མ་ཡིན་པ་མཁའ་