[A:༡༨༧]འགྲོ་ལྷ་བརྒྱད་སྦྲགས་ཏེ་སྒྲུབ་པའི་རྗེས་གནང༌། ལྷ་མགོན་བཅུ་གཉིས་མའི་རྗེས་གནང༌། ཁྲོ་བོའི་བཅུའི་རྗེས་གནང༌། ཟངས་གྲི་ཅན་རྣམ་པ་གཉིས་ཀྱི་རྗེས་གནང༌། པུ་ཏྲ་མིང་སྲིད་གི་ཟུར་བཀའ། བྲན་བདུད་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཀའ་གཏད་དང་བཅས་པ། ལྷ་བརྒྱད། ལྷ་དགུ། ལྷ་བཅུ་གཉིས་མ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྗེས་གནང་ཟབ་མོ་རེ་རེ་དང༌། རྫོང་ཆུང་པ་ནས་བརྒྱུད་པའི་ལྕམ་དྲལ་དང༌། མཁའ་འགྲོ་ལྷ་བརྒྱད་ཀྱི་རྗེས་གནང༌། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཇིགས་བྱེད་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མིན་པ། གསང་སྒྲུབ་ཀྱི་རྗེས་གནང་ནན་ཆགས་མར་གྲགས་པ། གྱི་ལྗང་ལུགས་མགོན་པོ་བཅུ་བདུན་མའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ། ཕྱི་སྒྲུབ་ཐུན་མོང་བ་གཙོ་བོར་སྟོན་པ་མེ་འབར་མའི་གླེགས་བམ། དེར་མ་འཐུས་པའི་ཟབ་གནད་ཐོར་བུ་བ་རྣམས་དང་ངོར་པའི་གསེར་པོད། རྫོང་ཆུང་བ་སོགས་ཀུན་གྱི་ཟབ་ཆོས་པོད་ཁ་གཅིག་ཏུ་མཛད་པའི་ཁ་སྐོང་གླེགས་བམ། ནང་རྡོ་རྗེའི་ལུགས་ལ་གནད་དུ་བསྣུན་པ་དང་གསང་བ་སེམས་ཀྱི་གཞི་ཐོག་ཏུ་ཟག་མེད་བདེ་ཆེན་གྱི་མགོན་པོ་ཟུང་འཇུག་རྡོ་རྗེ་འཛིན་པ་ཚེ་འདིར་བྱེད་པའི་ཐབས་སྙན་བརྒྱུད་གླེགས་བམ། ནག་པོ་ཆེན་པོ་གཤིན་རྗེ་ལྟར་སྒྲུབ་པ་གྱི་ལྗང་ལུགས་ཕྱི་ནང་གསང་གསུམ་གྱི་གདམས་སྐོར་མ་ལུས་པའི་གླེགས་བམ། འཇིགས་བྱེད་ཁྲག་འཐུང་དུད་སོལ་མའི་ཕྱི་ནང་གསང་གསུམ་གྱི་མན་ངག་ཤིན་ཏུ་ཟབ་པའི་གླེགས་བམ་སྟེ་ཀུན་གྱི་དཀར་ཆག །ཚར་ཆེན་གྱིས་མཛད་པའི་ནང་ན་བཞུགས་པའི་ཡེ་གེའི་ཚོགས་རབ་འབྱམས་དང༌། དེ་དག་ཏུ་མ་བཞུགས་