R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༠
[A:༡༩༠] སྒྲུབ་ཐབས་རྗེ་བཙུན་གྱིས་མཛད་པ་སོགས་མང་པོའི་ལུང༌། དབྱངས་ཅན་མ་དཀར་མོའི་རྗེས་གནང༌། དེའི་ལོ་རྒྱུས་སོགས་གསུང་རབ་ཟབ་མོ་བཅོ་བརྒྱད་ཀྱི་ལུང༌། འཇམ་དབྱངས་དཀར་པོའི་རྗེས་གནང༌། སྒྲུབ་ཐབས་བསྟོད་པ་པཎྜི་ཏ་མ་ཏིས་མཛད་པ་རྗེས་གནང་བྱ་ཐབས། སྒྲུབ་ཐབས་ལས་ཚོགས་སོགས་ཁྲོ་ཕུ་ལོ་ཆེན་གྱིས་མཛད་པ་སོགས་ཀྱི་ལུང༌། འཕགས་པ་དོན་ཡོད་ཞགས་པ་དཔའ་གཅིག་གི་རྗེས་གནང་གསོ་སྦྱོང་དང་བཅས་པ། གཟུངས་སོགས་མང་པོའི་ལུང༌། གུར་ནས་གསུངས་པའི་འབྱུང་པོ་འདུལ་བྱེད་སྤྲོ་བ་གསུམ་དང་ལྡན་པའི་རྗེས་གནང༌། རྡོ་རྗེ་རྣམ་པར་འཇོམས་པའི་རྗེས་གནང༌། དེའི་གཟུངས། སྒྲུབ་ཐབས་ལས་ཚོགས་སོགས་ཀྱི་ལུང༌། རྗེ་བཙུན་ཛམ་བྷ་ལ་དམར་པོ་སྲོག་སྒྲུབ་ཀྱི་རྗེས་གནང༌། གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང༌། དེའི་སྒྲུབ་ཐབས་ལས་ཚོགས་ཡི་གེ་མང་པོའི་ལུང༌། སྣ་ཚོགས་ཡུམ་དང་མཁའ་འགྲོ་སེང་གེའི་གདོང་པ་ཅན་དང༌། གཙུག་ཏོར་འབར་བ་ལྷ་གསུམ་གྱི་རྗེས་གནང་རེ་རེ། དེའི་སྒྲུབ་ཐབས། སྲེག་བྱེད་མེའི་འཁོར་ལོའི་རྗེས་གནང༌། ཕག་དཀར་ཤེས་རབ་རབ་གསལ་གྱི་རྗེས་གནང༌། སྒྲུབ་ཐབས་རྒྱ་གཞུང་སོགས་ཀྱི་ལུང༌། རྡོ་རྗེ་གུར་ལས་གསུངས་པའི་སོ་སོར་འབྲང་མའི་རྗེས་གནང༌། དེའི་སྒྲུབ་སྐོར་གྱི་ལུང༌། འཇམ་དབྱངས་ཡེ་ཤེས་ཡོན་ཏན་བཟང་པོའི། དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ལས་གསུངས་པའི་ནོར་རྒྱུན་མ་ལྷ་བཅུའི། འཇམ་དབྱངས་དཔའ་བོ་གཅིག་གྲུབ་ཀྱི། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི། བདུད་རྩི་བུམ་ཆུང་གི་ཕྱག་རྡོར་གཏུམ་ཆུང་མ། གྲ་ཁུར་ཅན་གྱི་རྟ་མགྲིན་གསང་སྒྲུབ་དཔའ་གཅིག་སོགས་དེ་རྣམས་སོ་སོའི་རྗེས་གནང་རེ་རེ་དང་སྒྲུབ་ཐབས་སོ་སོའི་ལུང༌། སེམས་ཙམ་ལུགས་ཀྱི་བྱང་ཆུབ་ཏུ་