[A:༡༩༡]སེམས་བསྐྱེད་པ། ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་གདམས་པ། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ། རྗེ་བཙུན་མ་སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་རྗེས་གནང༌། སྒྲོལ་མདོས་ཕྱག་འཚལ་ཉེར་གཅིག་གི་ཊཱི་ཀ །ལོ་རྒྱུས་འདོན་ཐབས་མཎྜལ་བཞི་པའི་གསོལ་འདེབས་སོགས་དང༌། སྒྲོལ་མ་ཞི་ཁྲོ་ཐུགས་སྒྲུབ་སོགས་རྗེས་བཙུན་གྱིས་མཛད་པ། སྒྲུབ་ཐབས་རྗེ་བླ་མས་མཛད་པ་སོགས་ཀྱི་ལུང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་གྱིས་གཙོས་པའི་རྗེས་གནང་རིགས་མི་གཅིག་པ་བཅོ་ལྔ་དང༌། དེའི་རྒྱུད་ལེའུ་བརྒྱད་པ་སོགས་སྡེ་ཚན་བརྒྱད་དང༌། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང༌། དེའི་སྒྲུབ་ཐབས་སོགས་རྒྱ་བོད་ཀྱི་ཡི་གེ་དྲུག་ཅུ་རེ་དྲུག་གི་ལུང༌། མཁས་གྲུབ་ཤངས་པ་རྡོ་ཕུ་བར་གྲགས་པའི་ཟབ་ཆོས་ཀྱི་གདམས་པ་རྒྱ་མཚོའི་ཡེ་ཤེས་མཁའ་འགྲོ་ཌཱ་ཀི་མ་ཟུང་གི་ཐུགས་བཅུད་གསེར་ཆོས་རྣམ་པ་ལྔ་ཆ་ལག་དང་བཅས་པ། ཡིད་ཆེས་ཐེ་ཚོམ་དང་བྲལ་བ་ཐོབ་རྗེས་བླ་མ་བརྒྱུད་པ་ཁྱད་པར་དུ་འཕགས་པའི་རྣམ་པར་ཐར་པ་དང་བསྟོད་པ་གསོལ་འདེབས་སོགས་ཡིག་སྣ་ཉེར་བདུན། ཆོས་དྲུག །གཞུང་ཤིང་གི་བཀའ་བརྒྱད། ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་ལྔ། གསང་སྒྲུབ་བཀའ་གསུམ། བྱིན་རླབས་ཀྱི་བཀའ་སུམ་ཅུ་ཐམ་པ། དེ་དག་གི་མན་ངག །བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་སོགས་ཡིག་སྣ་དོན་ལྔ། ཁྲོ་བོའི་རྒྱལ་པོ་རེག་ཚིག་ཡབ་རྐྱང་ཡུམ་རྐྱང་གི་རྗེས་གནང༌། དེའི་སྒྲུབ་ཐབས་སོགས་ཡི་གེ་ཉེར་གཉིས། མཆོག་གི་སྒྲོལ་མའི་མན་ངག་དེ་ཁོ་ན་ཉིད་བཅོ་བརྒྱད་པ། སྒྲུབ་ཐབས་དབང་ཆོག །འཆི་བསླུ། སྲུང་འཁོར་དང་བཅས་པ་ལུས་པ་མེད་པར་ཚིག་དོན་ལག་