R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༢
[A:༡༩༢]ལེན་ཕྲ་རགས་ཕྱག་འཁྲིད་དང་བཅས་པ་ཐོབ་ཅིང་སྦྱངས་ཏེ། ལམ་འདིའི་ཕྱོགས་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་ཡོད་པར་རློམ་པ་ཕལ་དང་ཅུང་མི་འདྲ་བ་ཞིག་བདོག །རང་སེམས་འཆི་མེད་གྲོང་དུ་འཁྲིད་པ་ལ། །ཤངས་ཆོས་ཐུན་མོང་ཐུན་མོང་མ་ཡིན་པ། །ཡོངས་འཛིན་འཁྲུལ་མེད་བརྒྱུད་པ་རྣམ་གཉིས་ལས། །འོངས་པའི་ལུགས་གཉིས་སོ་སོར་བརྗོད་པ་ལ། །འཇམ་མགོན་གྲུབ་མཆོག་ཐུན་མོང་སྐད་དུ་ཟད། །སྙན་བརྒྱུད་མངའ་བདག་མེས་པོ་ཚར་པ་རྗེ། །དེ་ལས་བརྒྱུད་པའི་ཐུན་མོང་མ་ཡིན་པ། །གདམས་སྐོར་ཆུ་བོ་གཉིས་འདུས་གནས་གསར་བ། །ཁྱོད་ཀྱི་མཆོག་དང་ཐུན་མོང་སྒྲུབ་པའི་ལྷ། །གྲངས་མེད་ཅིག་ཏུ་བདག་ལ་ལེགས་པར་གདམས། །རྒྱ་བོད་རྒྱུད་དང་རྒྱ་གཞུང་བསྟན་བཅོས་ཚོགས། །ཡན་ལག་བཅུ་གཉིས་ལ་སོགས་ཤིང་རྟའི་ལམ། །བོད་ཡུལ་འགྱུར་བའི་དམ་ཆོས་ཇི་སྙེད་པ། །ཟས་གཙང་སྲས་ཀྱི་རྒྱལ་ཚབ་མཁྱེན་བརྩེའི་དབང༌། །འགྲན་ཟླ་བྲལ་བ་དེ་ཡིས་བདག་ལ་སྩལ། །སྐལ་བར་བཟང་སྙམ་དད་པའི་བློ་གྲོས་རྒྱས། །གཞན་ཡང་གྲུབ་བརྙེས་འདོད་རྒུར་སྩོལ་བ་དེ་ཉིད་ཀྱི་དྲུང་དུ་རང་ལོ་བཞི་བཅུ་པ་ལ། ཆོས་སྐྱོང་བའི་སྲུང་མ་རྣམ་ཐོས་བུ་ཞེས་གྲགས་པའི་བཀའ་གཏེར་གསར་རྙིང་དང་འབྲེལ་བའི་གདམས་པ་དུ་མ་ཞིག་ནོས་པའི་ཐོག་མར་གཉེན་པོའི་ལྷ་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོའི་རྗེས་གནང༌། དེའི་རྒྱུད་རྡོ་རྗེ་ས་འོག་ལེའུ་གསུམ་པ་ཟང་དཀར་གྱི་འགྱུར་སོགས་རྒྱ་གཞུང་བསྟན་བཅོས་སྣ་བཅུ་གསུམ། ཟང་དཀར་གྱི་སྟུམ་སྟོན་ལ་སྟོད་དུ་གནང་བས་དེ་ནས་བརྒྱུད་པའི་སྟོད་ལུགས་སམ། བྱ་སྡེར་ལུགས་སུ་གྲགས་པའི་རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང༌། དེའི་གཏམ་རྒྱུད་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་བྱུང་བ་རྣམ་སྲས་