[A:༡༩༣]སྐྱེ་བརྒྱུད་སོགས་རྒྱུད་དང་རྒྱ་གཞུང་ཉེར་གསུམ། ཡོན་པོ་ཇོ་སྟོན་ལ་གནང་བའི་སྨད་ལུགས་སུ་གྲགས་པའི་རྒྱལ་པོ་ཆེན་པོ་ངལ་གསོས་པོ་བདེ་བྱེད་འཁོར་དང་བཅས་པ་དང༌། དྲག་བྱེད་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་ཆོས་རྗེ་ཐམས་ཅད་མཁྱེན་པའི་ཡི་གེའི་སྟེང་ནས་ཐོབ་ཅིང༌། མན་ངག་སྙིང་དང་འདྲ་བའི་གདམས་པ་ཞལ་ཤེས་དང་བཅས་པ་སྣ་སོ་གཉིས། སྤོས་སྒང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་སྣ་བཅུ་གཅིག །གཞན་ཡང་སྐྱོར་མོ་ལུང་པའི་ལུགས་སམ་ཕྱག་ལེན་ལྟར་ཡང་ཐོབ། འབྲོམ་སྡེ་ཉི་མའི་ལུགས་སུ་གྲགས་པའི་སེར་ཆེན་ལྷ་དགུའི་རྗེས་གནང༌། ལྷ་དགུའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་ཤིན་ཏུ་བསྡུས་པ་སོགས་ནོར་དུ་སྒྲུབ་པ་ཡིག་སྣ་བརྒྱད། སྲིའུ་གསོ་བའི་ཡིག་སྣ་བཞི་དབང་སྡུད་གསུམ། ནད་ཞི་བ་བགེགས་ལས་རྒྱལ་བ་གཉིས་བསད་པའི་ཡི་གེ་ལྔ། ཕྱིར་འཇུག་ལས་བྱང༌། ལོ་རྒྱུས་སོགས་རྒྱལ་ཆེན་གསང་སྒྲུབ་ལྗང་སེར་བེ་ཅོན་མའི་རྗེས་གནང༌། མན་ངག་མགུལ་ཁུག་སྲོ་མ་ཅན་དང༌། དགོན་པ་བའི་བེ་བུམ་སེ་ཁབ་མ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་སྤྲང་པོ་ཉི་མ་དངོས་སུ་བསྒྲལ་བའི་ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྟ་སྔོན་བདུད་མོ་བཞི་བསྐོར། ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུའི་རྗེས་གནང༌། བཻ་ཤྲ་མ་ཎ་ཁ་རག་ཁྲམ་ཐོགས་ནག་པའི་རྒྱུད་ལེའུ་སོ་ལྔ་པ་ལས་གསུངས་པའི་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང༌། ཁ་རག་ཁྲམ་ཐོགས་ནག་པོའི་རྒྱུད་སོགས་ཚོ་ལྔ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ་གྱི་རྗེས་གནང༌། དེའི་སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་རྙིང་པ། རྣམ་སྲས་ཡང་གསང་སྲིན་པོ་བཞི་བསྐོར་གྱི་རྗེས་གནང༌། དེའི་སྒྲུབ་ཡིག །ཤུ་རཾ་ག་ཝ་རྨའི་