R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༤
[A:༡༩༤]ལུགས་ཀྱི་རྣམ་སྲས་མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅོ་ལྔའི་རྗེས་གནང༌། དེའི་སྒྲུབ་ཐབས་སོགས་ཡི་གེ་དྲུག་ལས་མཁན་དང་བཅས་པའི་མདུང་དམར་ཅན་གྱི་རྗེས་གནང༌། དེའི་རྗེས་གནང་གི་ཡི་གེ་སྒྲུབ་ཡིག་སོགས། མགོན་པོ་གར་མཁན་མཆོག་ལྗང་གུ། ཞལ་གཅིག་ཕྱག་བཅོ་བརྒྱད་པ་འབྲུག་ཞོན་གྱི་རྗེས་གནང༌། རྣམ་སྲས་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་དྲུག་པ་ལྷ་བརྒྱད་ཀྱི་རྗེས་གནང༌། རྣམ་སྲས་དཀར་པོ་ལྷ་དགུའི་ཚེ་དབང༌། དེ་དག་གི་སྒྲུབ་སྐོར་ལས་ཚོགས་དང་བཅས་པ། ཨྱོན་ཆོས་ཀྱི་རྒྱལ་པོའི་གདམས་པ་ཞང་ལྷ་བཟང་ཀླུ་དཔལ་གྱི་བྷ་དྷ་ཧོར་བཅོམ་པའི་རྣམ་སྲས་ཞི་དྲག་གཉིས་ལས། རྣམ་སྲས་ལྗང་སེར་རམ་སྤྲིན་གསེབ་མར་གྲགས་པའི་སེར་ཆེན་ལྷ་དགུའི་རྗེས་གནང༌། མན་ངག་ལ་ལོ་རྒྱུས་སོགས་ཡིག་སྣ་བཅུ་བཞི། དྲག་པོ་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་གཙོ་འཁོར་གྱི་རྗེས་གནང༌། གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་ལེའུ་བདུན་པ་སོགས་ཡི་གེ་ཉི་ཤུ་རྩ་གཉིས། ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་ལེའུ་བཅུ་གཉིས་པ་སོགས་རྒྱལ་པོ་ཀུན་སྐྱོང་གིས་མཛད་པའི་ཡི་གེ་ལྔ། རྣམ་སྲས་སེང་གེ་བུ་བདུན་གྱི་སྐོར་ལ། དྲག་པོ་ཕྱི་སྒྲུབ་དྲག་སྔགས་ཀྱི་རྒྱུད་སོགས་ཡི་གེ་ལྔ། འཁོར་གྱི་སྐོར་ལ། རྟ་བདག་བརྒྱད་ཀྱི་སྒོས་སྒྲུབ་སོགས་ཡི་གེ་བཅུ། གཞན་ཡང་ཡིག་སྣ་ཟབ་མོ་བཅུ་གསུམ། ཆོ་ག་ལག་ལེན་གྱི་སྐོར་ལ། ཞི་དྲག་སྤེལ་མའི་སྒྲུབ་ཐབས་སོགས་ཡི་གེ་བཅུ་བཞི། ཚིག་དོན་ལག་ལེན་ཕྱག་འཁྲིད་དང་བཅས་པ་ལེགས་པར་ཐོབ་ཅིང་སྦྱངས་སོ། །ཕྱི་ནང་གསང་བའི་གདམས་སྐོར་ཇི་སྙེད་དང༌། །ཡོངས་རྫོགས་བསྟན་པའི་རྒྱལ་སྲིད་མ་ལུས་པ། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཁྱོད་གཅིག་པུ། །མཁྱེན་དང་