R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༥
[A:༡༩༥]བརྩེ་བས་བདག་ལ་བསྟན་བསམ་གདམས། །ཁྱོད་མཉེས་བགྱིད་པའི་བྱ་བ་གཞན་དོན་དང༌། །བསྟན་དང་འགྲོ་ལ་ཕན་པ་ལྷུར་ལེན་ལས། །རྐྱེན་ངན་རྫུ་འཕྲུལ་ཆེ་ཡང་དབང་མི་འཆོར། །བདེ་སྡུག་འབྱོར་རྒུད་ནད་གདོན་གཙེས་ཀྱང་རུང༌། །མ་རུངས་ལས་ངན་དུ་མས་མནར་ཀྱང་རུང༌། །ཁྱོད་མཉེས་སྒྲུབ་པ་ནམ་ཡང་མི་གཏོང་བས། །འདིར་སྣང་ཚེ་དང་བསོད་ནམས་དགེ་སྦྱོར་ལ། །ཕྱི་ནང་གསང་བའི་འཚེ་ལས་སྐྱབ་ཏུ་གསོལ། །ནམ་ཞིག་སྒྱུ་ལུས་བོར་བར་གྱུར་པ་ན། །ས་ལམ་བར་ཆད་མ་ལུས་ཞི་ནས་ནི། །གང་དུ་འཚང་རྒྱས་ཞིང་ཁམས་དེར་བགྲོད་ནས། །ཞལ་མཐོང་གསུང་གི་བདུད་རྩི་འཐུང་བར་ཤོག །བྱང་ཕྱོགས་འདི་ན་དཔལ་ལྡན་ས་སྐྱ་པའི། །རྒྱུད་སྡེ་བཞི་སོགས་ཆོས་ཕུང་བརྒྱད་ཁྲིའི་མཚོ། །རང་བློ་ངོམ་པ་ལམ་བཟང་ཆུ་ཐིགས་འཐུང༌། །གཞན་ཡང་བོད་ཡུལ་འགྱུར་བའི་སྲུང་མའི་ཚོགས། །དབང་འཁྲིད་རྗེས་གནང་བྱིན་རླབས་མ་ལུས་པ། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་ནས། །ལམ་གྱི་འཁྲུལ་པ་ཟད་པར་བྱིན་གྱིས་རློབས། །མི་ཟད་འདོད་རྒུ་སྦྱིན་ཕྱིར་ནེའུ་ལེ། །རིན་ཆེན་ལྔ་འདུས་བརྒྱུད་པ་ལས་བྱོན་པའི། །སྙན་གྲགས་འབྱོར་པའི་རྒྱལ་འབངས་དབང་བསྡུད་ཕྱིར། །རྣམ་ཐོས་བུ་དང་ལག་པའི་འདབ་འཕྲེང་སྦྲེལ། །ནམ་མཁའི་མཛོད་ལ་འགྲན་ཟླ་མེད་དོ་སྙམ། །བདུན་ལྡན་ནོར་ལ་དབང་སྒྱུར་རིན་ཆེན་སེམས། །མཛའ་མེད་དབྲོག་ཏུ་མེད་པའི་བཞད་ཅིག་གདའ། །དགའ་དགའ་འདྲ་ན་ཀུན་ཀྱང་འདི་ལྟར་མཛོད། །མི་དགའ་ན་ནི་སྡུག་རྩིར་ཕུང་རྩིར་མཛོད། །གཞན་ཡང་ཡོངས་འཛིན་དམ་པ་བྱང་གླིང་རིན་པོ་ཆེ། །པཎ་ཆེན་གྲགས་པ་ཐོགས་མེད། གྲུབ་མཆོག་བསོད་ནམས་དཔལ་འབྱོར། འདུལ་འཛིན་དགེ་འདུན་ཉི་མ།