R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༦
[A:༡༩༦] ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ངོར་ཆེན་དཀོན་མཆོག་དཔལ་ལྡན། བདག་ཆེན་བསོད་ནམས་རྒྱལ་མཚན། རྗེ་བཙུན་ཀུན་དགའ་མཆོག་ལྡན། རྒྱལ་ཚབ་བསླབ་གསུམ་དབང་ཕྱུག་རྣམས་ལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང༌། རྡོ་རྗེ་འཇིགས་བྱེད་ཀྱི་དབང༌། ཚེ་དཔག་མེད་ལྷ་དགུ །མགོན་པོ་ལྕམ་དྲལ། མཁའ་འགྲོ་ལྷ་བརྒྱད། འཆི་མེད་རྔ་སྒྲ། ས་ཕུར། ཀུན་རིག །རྡོ་དབྱིངས། དཔལ་རྩེ་གཉིས། བྱིན་རླབས་ཐུགས་དབང༌། ཕྱག་ན་རྡོ་རྗེ་འབྱུང་འདུལ། ཚེ་དབང་སོགས་དེ་རྣམས་ཀྱི་འཕྲལ་དགོས་ཀྱི་ཡིག་ཆ་སོ་སོའི་ལུང་དང་བཅས་པ། དེ་ཐམས་ཅད་ཀྱང་ཚིག་དང་དོན་དུ་བསྡེབས་ནས་ལག་ལེན་ཚུན་བརྒྱུད་པ་འདི་དང་འདི་ནས་བརྒྱུད་སོགས་མ་འཁྲུལ་བ་བྱས། གཞན་ཡང་ཡོངས་འཛིན་རྣམས་ཀྱི་དྲུང་དུ་ཚེ་དབང་གི་རྣམ་གྲངས་དུ་མ་ཞིག་དང༌། ལམ་ཟབ་བླ་མའི་རྣལ་འབྱོར་སོགས་དབང་ལུང་རྗེས་གནང་མང་དག་ཐོབ་མོད། ཕལ་ཆེ་བ་གོང་དུ་བརྗོད་པས་ཡིད་ཆེས་པའི་གནས་སུ་འཚལ། དེ་ཐམས་ཅད་ཀྱང་ཐོབ་བློ་དང་གོ་ཡུལ་ཙམ་མ་ཡིན་པ་ཁྱབ་བདག་རྡོ་རྗེ་འཆང་ནས་རྩ་བའི་བླ་མ་འདི་ཞེས་བརྒྱུད་པ་མ་ཉམས་ཤིང་མ་འདྲེས་ལ་ཡོངས་སུ་རྫོགས་པ་འདི་རྣམས་ཉུང་ངུའི་ཚུལ་གྱིས་བཀོད་པ་ལགས། ཐོབ་ཚད་བྲིས་ཀྱང་སྒྱིད་ལུག་པ་ལས་མི་གདའོ། །བདག་ཆེན་རྡོ་རྗེ་འཆང་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། སྐུ་དྲིན་མཚུངས་མེད་མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་བཀའ་འབུམ། མཚན་བརྗོད་གྲ་ཏོག་གསེར་གསུམ་སོགས་མདོ་མང་པོའི་ལུང༌། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀུན་མཁྱེན་བུ་རིན་པོ་ཆེ། བོ་དོང་ཕྱོགས་ལས་རྣམ་རྒྱལ། བྱང་ཆུབ་སེམས་དཔའ་རྒྱལ་སྲས་རིན་པོ་ཆེ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་བཀའ་འབུམ་ཆ་རམ་པའི་ལུང༌། བཀའ་