R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༩
[A:༡༩༩]རྡོ་རྗེའི་གོ་ཁྲབ་ཀྱི་སྒོ་ནས་རིག་འཛིན་ལྷ་ལྔའི། རྡོ་རྗེ་རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔའི། གུ་རུའི་རྩ་དབང་བླ་མ་གསང་འདུས་ཀྱི། བླ་མའི་གཏོར་དབང་རབ་འབྱམས། གུ་རུ་སྐུ་ལྔའི་ཚེ་དབང༌། རིགས་འཛིན་ཡང་གསང་བླ་མེད་ལྷ་ལྔའི། ཕྱག་རྡོར་དཀར་པོ་ཡང་གསང་ལྷ་ཉེར་གཅིག་གི །ཕག་མོ་ཡང་གསང་བླ་མེད་ཀྱི། དྲག་པོ་ཡང་གསང་བླ་མེད་ལྷ་ལྔའི། ཡང་གསང་ནོར་བུ་སྒྲོལ་གསལ། རྟ་མགྲིན་ཡང་གསང་བླ་མེད་ཀྱི། རྣམ་ཐོས་བུ་དམར་པོའི། མགོན་པོ་སྡེ་བརྒྱད་ཀྱི་དབང་རྣམས་དང༌། མཉམ་མེད་སྤྲུལ་སྐུ་ཀློང་ཆེན་རབ་འབྱམས་པས་མཛད་པའི་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་སྐོར་ལ། དཔལ་རྒྱལ་བ་རིགས་ལྔའི་དབང༌། ལྷོ་གསེར་མཛོད་ནས་བྱོན་པའི་དཔལ་རྡོ་རྗེ་གཞོན་ནུ་ཆེ་མཆོག་གི །སྤྲུལ་སྐུ་རཏྣ་གླིང་པས་མ་དང་ལྷ་མོ་བྲག་ནས་སྤྱན་དྲངས་པའི་དཔལ་རྡོ་རྗེ་གཞོན་ནུའི། ཆོས་རྒྱལ་རཏྣ་གླིང་པས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་འཇིགས་བྱེད་མེའི་སྤུ་གྲི་ལྷ་ལྔའི། དེ་ཉིད་ཀྱི་ཚེ་སྒྲུབ་གཡང་ཞག་འཁྱིལ་པའི། ཆོས་དབང་གནམ་སྐས་ནས་སྤྱན་དྲངས་པའི་དཔལ་རྡོ་རྗེ་གཞོན་ནུ་འབར་བའི་དབང༌། དེ་རྣམས་རྡུལ་ཚོན་ལ་བརྟེན་པའི་དབང་བཞི་ཁོ་ན་དང༌། སྒྲུབ་པ་བཀའ་བརྒྱད་འདུས་པའི་ཡང་སྙིང༌། རྟ་མགྲིན་ཡང་གསང། འཆི་མེད་ཚེའི་རྫོང་ཆུང་གི་ཚེ་དབང༌། གིང་ལྔ་གཟའ་གདོང་གི་སྲོག་དབང༌། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེས་དགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་རྒྱལ་བ་རིགས་ལྔའི་དབང་ཟབ་པ་ལས་ཆེས་ཟབ་པ་བཀའ་གཏེར་གཉིས་འདུས་འཇམ་དཔལ་གཤིན་རྗེ་སྒྲོམ་བུ་མར་གྲགས་པའི་རྒྱ་ཞང་ཁྲོམ་གྱིས་