R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༠༡
[A:༢༠༡]དབང༌། ཁྲོ་རྒྱལ་མི་གཡོ་བ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་ལྷ་ལྔའི་དབང༌། མཁའ་ལྡིང་ཁྲ་བོ་ཞལ་གསུམ་ཕྱག་དྲུག་པའི་དབང༌། གུ་རུ་སྐུ་ལྔ་འཆི་མེད་ཚེའི་དབང༌། ཟབ་ཆོས་པདྨ་སྙིང་ཏིག་གསང་བའི་དབང༌། ཟབ་ཆོས་ཀུན་བཟང་སྙིང་ཏིག་དམ་པ་རིགས་བརྒྱའི་དབང༌། ཟབ་ཆོས་མཁའ་འགྲོ་སྙིང་ཏིག་དབང་ལྔ་རྫོགས་དེ་ཉིད་ཉི་ཤུ་པ། ཐུགས་གཏེར་ནས་བྱོན་པའི་གུ་རུ་ཞལ་གསུམ་ཕྱག་དྲུག་བ་ལྷ་ཞེ་གཅིག་གི་དབང་རྡུལ་ཚོན་དང༌། ཐུགས་སྒྲུབ་གསང་བ་འདུས་པ་བླ་མ་རྡོ་རྗེ་འཆང་ལྷ་ཉི་ཤུ་རྩ་དྲུག་གི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། སྦས་ཡུལ་འབྲས་མོ་གཤོངས་ཀྱི་ལྷ་རི་རིན་ཅེན་སྙིང་པོའི་འཇའ་འོད་ཕུག་པ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ཐབས་བདུད་རྩི་འཁྱིལ་པ། མགོན་པོ་ཚེ་དཔག་མེད་ལྷ་ཉེར་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྩ་བ་བརྒྱུད་པའི་དབང་བཞི་ཡོངས་རྫོགས་དང༌། བཀྲ་ཤིས་དག་པའི་རྫས་ལ་བརྟེན་ནས་ཚེ་སྒྲུབ་པའི་དཀྱིལ་འཁོར་ཆེན་པོར་སྒྲུབ་ཆེན་མཚན་ཉིད་ཚང་བའི་སྒོ་ནས་སྒྲུབ་དབང་རྒྱས་པ། བཅུད་ལེན་གྱི་དབང་དང་བཅས་པས་རྒྱུད་ཡང་དག་པར་སྨིན་པར་བྱས། གཞན་ཡང་རང་ལོ་ཞེ་གཅིག་པ་ལ། མངའ་བདག་ཉང་གིས་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་དྲག་པོ་དམར་ཆེན་མེའི་སྤུ་གྲི་ཅན་གྱི་རྩ་བ་དོན་གྱི་དབང་དང་ཡན་ལག་འཕྲིན་ལས་ཀྱི་དབང་བཞི་རྫོགས་པ་དང༌། སྤྲུལ་སྐུ་པདྨ་གླིང་པས་སྐུར་རྗེས་རྡོ་རྗེའི་གུར་ནས་སྤྱན་དྲངས་པའི་དྲག་པོ་དམར་ཆེན་ཞལ་གསུམ་ཕྱག་དྲུག་པ་ལྷ་ཉེར་གསུམ་གྱི་དབང་རྡུལ་ཚོན་དང༌། བྱང་གཏེར་གྱི་དབུས་མཛོད་ནས་བྱོན་པའི་ཚེ་སྒྲུབ་ལྕགས་སྡོང་མའི་དབང༌། མགོན་པོ་ཚེ་དཔག་མེད་དཀར་པོ་འཆི་མེད་འོད་སྣང་མ་ལྷ་བཅུ་གསུམ་གྱི་དབང༌། མཚམས་མེད་ལྔ་སྦྱོང་ན་རག་དོང་སྤྲུགས་བཀའ་