[A:༢༠༣]དབང༌། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱི་སྲོག་དབང༌། གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན་གྱི་རྗེས་གནང༌། ཆོས་དབང་གི་ཛམྦྷ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྗེས་གནང༌། ཉང་རལ་གྱི་གཏེར་ཁ་ནས་བྱོན་པའི་ཞང་བློན་གྱི་གཏོར་དབང༌། གྲ་པ་མངོན་ཤེས་ཀྱིས་བསམ་ཡས་ག་བ་བུམ་པ་ཅན་ནས་སྤྱན་དྲངས་པའི་ཞང་བློན་རྡོ་རྗེ་བདུད་འདུལ། ཕྱི་སྒྲུབ་བེར་ནག་ལྷ་ལྔའི་རྗེས་སུ་གནང་བ་དང༌། ནང་སྒྲུབ་ལྷ་དགུའི་རྗེས་གནང༌། ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང༌། བྱང་གཏེར་གྱི་བཀའ་སྲུང༌། ཨེ་ཀ་ཛ་ཊི་དང༌། དུར་ཁྲོད་མ་གསུམ། རེ་མ་ཏི། དབང་གི་མ་བདུན། བསྟན་མ་བཅུ་གཉིས། རྡོ་རྗེ་ལེགས་པ། གཉན་ཆེན་ཐང་ལྷ། ལྕགས་མཛོད་ཀྱི་བཀའ་སྲུང་བྱང་བཙན་པ་རྣམས་ཀྱི་བཀའ་གཏད་ཀྱི་རྗེས་གནང་རེ་རེ། བསྟན་སྲུང་ཡོངས་རྫོགས་ཀྱི་དབང༌། བྱང་གཏེར་གྱི་དཔལ་མགོན་སྟག་ཞོན་ནག་པོའི་རྗེས་གནང༌། དཔལ་མགོན་མ་ནིང༌། ཚར་ཆེན་ཆོས་རྗེ་ནས་བརྒྱུད་པའི་དབང་རྗེས་གནང༌། ཟང་ཟང་ལྷ་བྲག་གི་གཏེར་ཁ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དབང་རྗེས་གནང་ཡོངས་རྫོགས། བྱང་ཆུབ་སེམས་དཔའ་ཟླ་རྒྱལ་གྱི་ཞལ་གཟིགས་རྟ་མགྲིན་ནག་པོའི་རྗེས་གནང༌། ནུབ་ཟངས་མཛོད་ཀྱི་དབང་སྡུད་ལྷ་ཆེན་འཁོར་བཅས་ཀྱི་ཕྱི་ནང་གསང་བའི་རྗེས་གནང་ལུང་དང་བཅས་པ། འཇམ་དཔལ་ནཱ་ག་རཀྴའི་གཏེར་ཁ་མི་གཅིག་པ་གསུམ་གྱི་དབང་ལུང་གདམས་ངག་དང་བཅས་པའི་རྗེས་གནང༌། དེ་མཚུངས་བཀའ་མ་དང་བཅས་པའི་རྗེས་གནང་ཟབ་མོ་ལྔ་ཙམ་དང༌། ཆོས་རྒྱལ་རཏྣ་གླིང་པའི་ཆོས་སྐྱོང་དམ་ཅན་སྡེ་བདུན་གྱི་དབང་ལུང་རྗེས་གནང་དང་བཅས་པ། གནམ་སྐས་ཀྱི་གཏེར་བདག་མཁའ་རི་ཀླུ་བདུད་སྨྱོན་