R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༠༧
[A:༢༠༧]པ་ཞག་བདུན་བྱས། ཞག་བཞི་སོང་བའི་ཐོ་རེངས་ཀྱི་དུས་རྨི་ལམ་ན། མི་དཀར་པོ་སྣུམ་ལ་བརྗིད་པ་ཞིག་གིས་ཨྱོན་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་པའི་སྐབས་ཀྱི་དམ་རྫས་ཀྱི་དཀྱིལ་འཁོར་དང་བཅས་པ་བཀྲག་མ་ཉམས་པ། ཆོས་ནོར་གྱི་གཏེར་གནས་མང་པོ་དང་བཅས་པ་བསྟན། ཁྱེད་རང་གི་འདྲེན་པ་ཉིད་ཀྱི་ཆོས་ནོར་གྱི་ལས་འཕྲོ་འདི་རྣམས་ཡིན་ཞེས་གསལ་པོར་བསྟན། མཐར་དྲི་བཟང་གིས་ཡིད་བརྣངས་པ་ཙམ་བྱས་འཇའ་ཚོན་ཁྲ་ཤིག་གེ་བའི་ངང་ནས་ཡལ་བ་ལྟར་བྱས་གཉིད་སད་བྱུང་བས་དྲི་བཟང་མངོན་སུམ་དུའང་ཐུལ་གྱིན་གདའ། གང་ལྟར་དེ་གྲོལ་ནས་བར་སྐོལ་ལ་ཕེབས། པདྨ་འོད་ཀྱི་གཞལ་ཡས་ན་རྡོ་རྗེ་གཞོན་ནུ་དང༌། བླ་མ་དྲག་པོ་མཐིང་ཁ། གཞན་ཡང་ཚེ་དཔག་མེད་སོགས་ཡི་དམ་ཆོས་སྐྱོང་དབྱེར་མེད་ཀྱི་སྐུ་འདྲ་འདུག་གསུང༌། ཕྱག་འཁྲིད་གནང་བདག་གིས་ཀྱང་བླ་མས་སྟོན་པ་གནང་བ་ལྟར་རང་བྱོན་དེ་རྣམས་རྒྱན་ཚུན་ཆད་མ་འདྲེས་པ་མཐོང་ངོ་ཤེས་པ་གདའ། དེ་ནས་སྐོར་བ་མཛད་རླུང་གསང་དུ་ཕེབས། གསོལ་ཇའི་བཞུགས་གྲལ་རྒྱས་པར་གནང༌། དེ་ནས་གྲལ་གྱེས་གཞན་མ་ཀུན་བསངས། བདག་ལ་སྡོད་གསུང་པ་ནས་ཕྱག་ཕྱིར་བསྡད། རླུང་གསང་ལ་ཕྱག་རྐྱོང་བ་གནང་སོང་བས་རྫའི་གའུ་ཆུང་ངུ་ཞིག་བཞེས་སྐུ་འཕྲག་ལ་འཇུག་པ་མཛད་སོང༌། ཇི་ལྟར་ལགས་ཞུས་པས། ཁྱོད་ལ་ཡུན་དུ་མ་སོང་བར་བསྟན་ཨ་གསུང༌། ཡིན་པ་གསང་རབ་ཏུ་དམ་པར་དགོས་རྒྱུ་ལ། དུས་ཀུན་ལོག་པ་ཁོ་ན་སྒྲུབ་པའི་ཕྱག་གཡོག་ངན་པ་ཞིག་ཡོད་པ་དེས། སྐུ་རྒྱབ་ལ་སྤྱན་དྲངས། སྐུ་འཕྲག་ན་ཡོད་པ་ཀུན་ལ་བསྒྲགས། དེས་རྐྱེན་བྱས་གཏེར་བདག་ཁྲོས་ནས་ཆིབས་པ་བཟང་པོ་ཞིག་