[A:༢༡༡]གི་གཏོར་མ་བཅུགས་པ་མངོན་སུམ་དུ་བླངས་པ་དང༌། ཡབ་ཉིད་སྐུའི་མདངས་བཻཌཱུརྻ་དངས་བའི་མདོག་ལྟ་བུར་མཐོང་ཞིང་མདོར་ན་དེས་མཚོན་པའི་བསྙེན་རྟགས་ཕྲན་བུ་བྱུང་བ་རྣམས་ནི་བརྗེད་པར་ཐལ་ལོ། །དེ་གྲོལ་འཕྲལ་དགོན་པ་དེར་མྱུག་གི་ཆེན་པོ་རྣམས་ཀྱིས་གཙོས་པའི་མི་གྲངས་བརྒྱ་ལྷག་ཅིག་ལ་ཚེ་དབང་གྲུབ་རྒྱལ་མ་ཞག་ཏུ་སྒྲུབས་པའི་དེ་ནུབ་སིར་རི་ཞེས་པའི་སྒྲ་དང་ཐིག་པའི་སྐད་ཅིག་འདུག་གང་ཡིན་ནམ་སྙམ་བ་མ་གཏོགས་ཤེས་རྒྱུ་མ་བྱུང༌། སང་ལྟས་པས་ཚེ་ཆང་གི་སྣོད་ཉུང་ངུ་མ་སོང་བའི་ཁར་དེ་ལྟར་ཁོལ་ཞིང་ལུད་ནས་ཉལ་ས་ཚེ་ཆུས་ཁེངས་ནས་འདུག་མོད། ཚེ་དབང་རྒྱས་པར་བྱས་དབང་རེ་བསྐུར་བས་ཚེའི་བར་ཆད་ཀུན་བསལ་ནས་ཕྱི་ནང་གི་བགེགས་ཐམས་ཅད་གྲོལ་འགྲོ་བ་འདི་དེ་དུས་ནས་བཟུང་ད་ལྟའི་བར་དུ་ཡོད་ཀྱང་ཀུན་གྱིས་གོ་བར་མི་གདའ། དེ་ནས་སྡེ་པའི་བཀའ་ལུང་ལ་ཁྱེད་མཚམས་གྲོལ་འདུག་པས་ཆེ་བ་བརྒྱད་ཀྱི་ནང་ནས་རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱིས་ཆེ་བའི་སྟེང་ནས་ཡུལ་ཕྱོགས་འདི་ཉིད་ཀྱི་ལྷ་མི་ཀུན་ལ་ཁྲུས་གསོལ་ཞིག་བྱེད་དགོས་ཕེབས་པས་དེ་ལྟར་བྱས། བརྒྱས་པ་རྒྱུད་སྡེ་ནས་གསུངས་པ་ལྟར་ཡིད་ཆེས་ངེས་བྱས། བུམ་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཆོས་སྐུའི་དུང་ཆོས། ཆོས་དབྱིངས་ཡེ་ཤེས་ཀྱི་མཆོད་ཡོན་ཕུལ་མ་ཐག །བུམ་པ་དེ་ཉིད་མཆུ་དང་ཁ་ནས་ཁྲུས་ཆབ་ཆིལ་ཆིལ་ལུད་བྱུང་བས། ཟླ་བོ་ཁོ་ན་རེ་ཆུ་བླུག་དྲགས་པ་ཡིན་པ་འདྲ་ཟེར། དེ་གར་གདའ་བྱས། རྒྱལ་པོ་ཡུལ་ཕྱོགས་ལྷ་མི་ཀུན་གྱི་མ་རིག་པའི་བག་ཆགས་དྲི་མ་དྲུག་དང་བཅས་པ་བསལ་ཞིང་དག་པར་བྱས་སོ། །མཐའ་ཡས་གདུལ་བྱ་གཞལ་ཡས་ནམ་མཁའི་ཁམས་ཀུན་ཚད་མེད་སྐྱོང་བ་མཁྱེན་བརྩེའི་དབང་ཕྱུག་ཁྱོད་ལས་གཞན། །གྲུབ་པའི་དབང་པོ་