[A:༢༡༩]ལྗོངས་ཀྱི་མུན་རུམ་ན། །བསྟན་དང་འགྲོ་དྲུག་དོན་མཛད་ས་སྐྱ་པ། །ཞལ་འོད་དངས་པའི་མཁའ་ལ་ཚ་ཟེར་གྱི། །ཡུལ་གྲུ་མ་ལུས་བློ་གསལ་པདྨ་རྒྱས། །དྲི་བསུང་ཕྱོགས་བརྒྱར་རྒོད་ཅིང་བུང་བའི་ཚོགས། སྙན་བརྒྱུད་སྦྲང་རྩིའི་བཅུད་ཀྱིས་མྱོས་པ་རྣམས། །འབྲས་བུ་གླུ་དབྱངས་སྤྲིན་གྱི་རྔ་བསང་ལྟར། །ཕྱོགས་བཅུར་སྒྲོག་པའི་དཔའ་བོའི་ཚོགས་རྣམས་རྒྱལ། །གཞན་ཡང་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་འཁྲིད། ནག་པོ་རིམ་བཞི། བསྡུ་བ་གསུམ་པ། རིམ་ལྔ་དམར་འཁྲིད། དཔྱིད་ཀྱི་ཐིག་ལེའི་འཁྲིད། བདེ་མཆོག་དཀར་པོའི་ཚེ་འཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་གྲོལ་བྱེད་ཀྱི་ལམ་རྗེ་བཙུན་ཡུམ་གྱི་རྩ་དབུ་མའི་འཁྲིད་ཐུན་མོང་མ་ཡིན་པ་ལུས་དཀྱིལ། འཕོ་བ། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ། རྗེ་བཙུན་ཡབ་དང་ཐུན་མོང་བའི་རྩ་དབུ་མའི་འཁྲིད། དཔལ་གསང་བ་འདུས་པའི་རིམ་ལྔའི་འཁྲིད། རྡོ་རྗེ་ནག་པོ་གུར་གྱི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་བྲག་རྫོང་མའི་ཉམས་འཁྲིད། ནང་འཁྲིད་ཐུན་མོང་བ་ཡར་ཀླུངས་པའི་ཟིན་བྲིས་གཞིར་བཞག་ལ་ཞལ་ཤེས་ཅུང་ཟད་དང༌། ཆོས་ཉིད་བདེ་ཆེན་གྱི་མགོན་པོ་རང་ཞལ་ལྟ་བའི་སྦས་དོན་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་ཞལ་ངོ་བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ཆིག་བརྒྱུད་དུ་བཞུགས་པའི་གསང་འཁྲིད་ཟབ་མོ་དང་བཅས་འཁྲིད་ཚུལ་ལྔའི་སྒོ་ནས་ཉམས་འཁྲིད་དུ་ཐོབ། མདོར་ན་སྲུང་མའི་དབང་པོ་འདིའི་སྐོར་ལ་ཡོངས་འཛིན་དམ་པ་རྣམ་བཞིའི་ཞལ་སྒོ་ལས་ཐོབ་པ་དང༌། ལྷག་པར་འགྲན་ཟླ་ཀུན་བྲལ་མཁྱེན་བརྩེའི་ཞལ་སྒོ་ནས་ཐོས་པས་བསྟན་སྲུང་འདི་ཉིད་ཀྱི་ཆོས་ཚུལ་ཇི་སྙེད་ཐོབ་པ་ཡིན་ནོ། །ཕྱི་ནང་རྟེན་འབྲེལ་ལུས་ལ་རབ་བསྒྲིགས་ནས། །རྡོ་