[A:༢༣༥]ཉེར་གཅིག་ལ་རྗེ་བཙུན་ཐུགས་རྗེ་ཅན་དེ་ཉིད་ཆོས་དབྱིངས་སུ་ཕེབས། ལས་ངན་ཅན་གྱི་དམུ་རྒོད་མ་རུངས་པ་བདག་ཅག་སོགས་ལྟོས་བཅས་རྣམས་མྱ་ངན་གྱི་ཁང་བུར་སྨྲེ་སྔགས་ཀྱི་ཆོ་ངེས་འབོད་ཅིང་ཤུལ་དུ་ལུས། དེ་ནས་སྡེ་པ་བསྟན་པའི་དྲུང་གི་ཟླ་བ་དེ་གའི་ཉེར་གསུམ་ལ་ཞལ་ངོ་ཚང་མ་བསགས་ནས་འཇིག་རྟེན་གྱི་ཕྱི་མོའི་ཞལ་ཏ་ལ། སླར་མཆོད་པ་རྣམས་དང་མཆོག་གསུམ་ལ་བསོད་ནམས་ཀྱི་ཚོགས་གསོག་ཚུལ། དཔོན་པོའི་ཞལ་འཛིན། གཡོག་གི་སྐྱོང་ལུགས་དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། མཉམ་པོའི་འགྲོགས་ལུགས་སོགས་མཛད་པའི་ཞལ་བཀོད་དཔྱིས་ཕྱིན་པར་གནང་ནས་སྐུ་མཚམས་ཀྱི་རྣམ་པས་བསྙེལ་བའི་ཚུལ་བསྟན་ཉེར་དགུ་ལ་ཞབས་དྲུང་དེ་ཉིད་ཀྱི་ཕྱགས་ཕྱིར་འདི་སྣང་གི་ཕུན་ཚོགས་ཀུན་བོར་ནས་འབྲལ་མེད་དུ་ཕེབས། དེ་ལྟ་བུའི་མཆོད་ཡོན་ནི་མ་བཞུགས། རང་ཡང་འཆམ་ཡམས་ཤིག་བྱུང་ནས་འཆི་ལ་ཐུག་སྟེ། དེ་ཕྱིན་ང་རང་ཡང་གདུལ་བྱའི་ཞིང་ཁམས་ཤིན་ཏུ་ཞལ་མཐོང་གསུང་གི་བདུད་རྩི་ཐོས་སྐལ་བ་ཅན་ཞིག་ཨ་ཡོང་ད་ལམ་ཤི་ན་ལེགས་སྙམ་བདོག་པའི་དངོས་པོ་གང་ཡོད་དགེ་འདུན་གྱི་ཕྱག་ཏུ་ཕུལ། འཆི་བ་ལ་བློས་བླངས་ནས་གསོལ་བ་འདེབས་པའི་ཁུངས་བྱས་གཟིམས་ཁང་བྱང་ན་སྡོད་པའི་སྐབས་སུ་བླ་མ་དྲག་པོ་ཕྱག་བཅོ་བརྒྱད་པའི་བསྐྱེད་རིམ་གྱི་རྣམ་པ་བྱས་སྔགས་ཤིག་འདེབས་པའི་སྐབས་ལ་སྡུག་གཉིད་ཀྱི་རྣམ་པས་ཉིན་ཅུང་ཟད་ཅིག་གཉིད་ལ་སྲིབ་ཙམ་སོང་བའི་རྨི་ལམ་ན། སྡེ་པ་ཨ་བསྟན་དྲུང་གི་གཟིམས་ཆུང་གི་ཟུར་འཕྱོང་ན་སྤྲེའུ་ཐོག་ཚད་གཅིག་འགྱུར་ཙམ་གྱི་གཟུགས་བྱས་པ། སྤུ་རྩེ་ལ་འོད་ཟེར་སྣ་ཚོགས་འཕྲོ་བ་རྒྱན་དུ་མས་