[A:༢༣༧]ཁྱོད་གསུང་ཐོས་པའི་དུས་དང་ནི་བྲལ། ཁྱོད་ཀྱི་ཐུགས་རྗེས་མི་གཏོང་བ་ཞིག་མཁྱེན་སྙམ་རེ་ཞིག་སེམས་ཀྱི་འགྱུ་བ་འགགས་པར་གྱུར། ལར་ཁྱེད་ཀྱི་ཐུགས་རྗེས་བསླུས་པ་མ་ཡིན་མོད། ལས་ངན་ཅན་བདག་ལ་མོས་གུས་ཀྱི་ཡུ་བ་མེད་པས་ལན་གདའ། སྤྱིར་བསྟན་པའི་ཉི་མ་ཁྱེད་ནུབ་པས་སེམས་ཅན་གྱི་བདེ་སྐྱིད་ནུབ་པར་གོར་མ་ཆག །ད་སྐྱིད་པོ་ཡོད་པའི་བྱ་བ་ནི་གང་ཡང་མི་འདུག །ཅུང་ཟད་འཆི་མ་ཐུབ་ན་རྒྱལ་ཁམས་སུ་སྣང་ཟོས་གང་བདེར་ལུས་ངག་ཡིད་གསུམ་འཆི་བ་ལ་ཕན་པའི་ཆོས་གདེངས་ཐོབ་ཅིག་བྱེད་སྙམ་པའི་ཞེ་བཅད་བྱས། རིན་ཐང་མེད་པའི་སྐུ་གདུང་ཉིད་ནི་བདག་ལྟ་བུ་ནི་བསོད་ནམས་དམན་པས་ཕྱགས་ཕྱི་མ་གྲུབ། འོན་ཀྱང་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་བཞུགས་སུ་གསོལ་ནས། གསོལ་བ་འདེབས་པའི་དཀྱིལ་འཁོར་བདེ་ཀྱེ་གསང་གསུམ། གཤིན་རྗེ་དམར་ནག །ཀུན་རིག །མི་འཁྲུགས་པ། སྨན་བླ། ནཱ་རག་དོང་སྤྲུག་སོགས་དཀྱིལ་འཁོར་དུ་མ་ཞལ་ཕྱེ་ནས་གནང་གིན་འདུག །བདག་ཉིད་བསོད་ནམས་ཀྱི་མཐུ་དང་བྲལ་བས་མ་ཐུབ་ཀྱང༌། ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་བྱས་ནས་གསོལ་བ་བཏབ། དེ་ནས་མ་ཤི་ཙམ་ནད་ཀྱིས་གྲོལ་ནས་སྡེ་པའི་བཀའ་ལུང་དངོས་ཡིན་གྱི་ཁུངས་བྱས། བློས་ལོངས་པ་ནི་སྐད་ཅིག་ཀྱང་མ་བྱུང༌། ཞལ་ངོ་རྣམས་ནི་བཀྲ་ཤིས་སྒང་ལ་ཕེབས་སོང༌། བདག་གིས་བླ་བྲང་དཀར་པོར་བསྡད། སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་རང་ལོ་ཞེ་གསུམ་པ་མ་རྣམ་འཚོ་པོར་ཞབས་དྲུང་རིག་འཛིན་ཆེན་པོའི་དྲུང་དུ་གསུང་ཆོས་ཟབ་མོ་མང་དག་འདོད་ཆོས་བཀའ་དྲིན་བསྐྱངས། ཞབས་དྲུང་སྐུ་མཚམས་གནང་བའི་ཕྱག་གཡོག་བྱས་ཟླ་ཕྱེད་མཚམས་