[A:༢༤༠]དེ་ལ་བར་ཆད་བྱུང་དོགས་ཡིན་པ་འདྲ། གང་ལྟར་དགོན་ཆུང་སྡོད་ཡུལ་སྐྱིད་ལ་དགེ་སྦྱོར་འཕེལ་བ་ཉེར་འཚེ་དང་བྲལ་བ་ཞིག་བདོག་པས་སྟག་སྟེ་བྱེད་རིན་བྱིན་པོ་དགོན་པ་དེར་བསྡད། རང་ལོ་ལྔ་བཅུ་པ་བྱི་ལོ་གླིང་ལོག་ཡུན་རིང་ལ་དོས་དྲག་པ་བྱུང༌། གནས་གསར་ནས་ཀྱང་བོ་དོང་དང་འབྲལ་ལ་ཉེ་བར་འདུག །དེ་ལ་བརྟེན་བདག་གིས་ཀྱང་ཉིན་མཚན་ངོ་མི་ཤེས་པར་བྱང་པའི་སྒར་ལ་ཕྱིན་པའི་འབྲས་བུ་བོ་དོང་ནི་མ་བྱུང༌། བཀྲ་ཤིས་སྒང་གི་སྟོན་བཞེས་གང་ཡོད་དང་ཕྱག་རྫས་སོགས་རྒྱུ་དངོས་ཕྱི་ནང་ཀུན་ལ་ཟེགས་འཐོར་ཡེ་མེད་པར་ཕྱག་ཏུ་ཕྱིན། དེ་ནས་སྡེ་པའི་ཞབས་རྗེས་འབྲེང་བ་ལ་ནི་སྟག་སྟེ་མ་འཕྲོད་པ་ནས་གྲོལ་ཆ་ཞུས། དེ་སྐོར་གྱི་གཏམ་ཡི་མུག་ལ་བྱ་བའི་ཐེབས་བྲལ་བ་མང་དག་ཡོད་ཀྱང་དགོས་པའི་དོན་དང་བྲལ་བས་མ་སྤྲོས་སོ། །ཡི་མུག་བརྗོད་ཚིག་གཏམ་ཉིད་མང་ན་ཡང༌། །དོན་འདི་ཕྱོགས་ལ་དགོས་མེད་རྒྱབ་ཏུ་བོར། །ལུགས་གཉིས་འབྲེལ་བའི་དབོན་དང་དེ་རིང་བྲལ། །རྒྱབ་དཔུང་བློ་གྲོས་འཛོམ་ཡང་བསླུ་བར་ངེས། །གནས་བཟང་དམ་པས་བྱིན་གྱིས་བརླབས་པའི་ས། །ཕྱི་ནང་འཚེ་བའི་བདུད་ལས་རྒྱལ་བ་དེར། །རྩེ་གཅིག་བླ་མ་སྒྲུབ་ལ་གཞོལ་བ་པོ། །ཕྱི་མ་དོན་གཉེར་རྣལ་འབྱོར་ཀུ་སཱ་ལི། །དེ་བས་རྩིས་དགོན་པ་དེ་ཡང་རིང་དུ་སྤངས། །དེ་ནས་ང་གཅིག་པ་གླང་ལོ་སྡེ་སྲིད་བཀྲ་ཤིས་སྟོབས་རྒྱས་དྲུང་གིས་ཤོག་ཕེབས་པ་ནས་ངམ་རིང་ལ་ཕྱིན། ཟླ་སྐོར་ཙམ་འདིར་སྣང་གི་གནས་ཚུལ་ལ་མ་ཆགས་པར་རྩེ་གཅིག་ཏུ་ཐུན་བཞིའི་དགེ་སྦྱོར་འཆག་མེད་རྣམས་གོང་འཕེལ་བྱས་བསྡད། སྡེ་སྲིད་ལ་ཆོས་ལུང་བྱང་རྩེར་ཚེ་དང་སྒྲུབ་པ་མཉམ་པ་ཞིག་སྐུ་རིམ་ལ་གནང་དགོས་