R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༥
[A:༢༤༥]གྱི་བདེ་སྐྱིད་ནུབ་པར་གོར་མ་ཆག་སྟེ་ལས་ངན་ཅན་བདག་ཉིད་ཀྱང་བསྐལ་པའི་ཡང་མཐའ་འདིར་སྐྱེས། དམ་པ་ཉིད་ཀྱི་གསུང་གི་བདུད་རྩི་ནི་ཆད། ཁྱོད་སྐུ་མཐོང་བའི་དུས་དང་ནི་བྲལ་ནམ་ཞིག་ཁྱེད་ཉིད་བཞུགས་པའི་ཞིང་ཁམས་སུ་གདུལ་བྱའི་ཐ་མར་སྐྱེ་བའི་གསོལ་བ་ཁོར་མོར་འདེབས་པ་འདི་ལགས། དེ་ནས་རང་ལོ་ང་གསུམ་པ་ཡོས་བུ་ལ་འདར་གྲང་མོ་ཆེ་ནས་སྔོན་གྱི་ཞབས་དྲུང་དུ་མཆེད་པོ་འདྲས་གཙོས་པའི་ཁ་རེ་བྱོན་བྱུང་བས་རྒྱ་དང་མོན་གྱི་དཔེས། བཤེས་གཉེན་དེ་རྣམས་ལ་སོ་སོར་ཐུགས་བཞེད་དང་བསྟུན་པའི་རྭ་ཁྲིད་ནཱ་རོ་མཁའ་སྤྱོད་སོགས་ཟབ་ཆོས་མང་པོ་ཕུལ། ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ལ་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་སྐུ་གདུང་རིན་པོ་ཆེ་ལ་མཇལ་དུ་ཡོངས་སྤྱི་སྒོས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་ཡིད་ཆེས་པར་བཏབ། མཆེད་པོ་བློ་གསལ་བཀྲ་ཤིས་པའི་གྲ་ཁང་དུ་ཞག་ལྔ་བསྡད། རྩེ་ནས་གཞིས་ལེན་སོགས་བརྩེ་སྐྱོང་ཟབ་མོ་གནང༌། དེ་སྐབས་ཁྲོ་བོ་བཅུའི་རྗེས་གནང་དབང་ཚར་གསུམ་བྱས། རྗེ་དབོན་བློ་གྲོས་ལེགས་བཟང་པས་གྲྭ་ཁང་དུ་སྣོད་ལྡན་ཁ་རེ་ལ་མཁའ་འགྲོ་ལྷ་བརྒྱད་ཀྱི་རྗེས་གནང་བྱས་པའི་ཚེ། དེ་སྔ་ཡན་ཆད་ཤིན་ཏུ་དཀོན་པ་ལ་ཡེ་ཤེས་ཕབ་པ་དང་མཉམ་དུ་ཆར་པའི་རྒྱུན་ཡིད་ཆེས་ངེས་བབས། ཟང་ཟིང་གི་བསྙེན་བཀུར་ཡང་མང་པོ་བྱུང༌། རྗེ་བླ་མའི་བསྟན་པ་རྒྱས་པའི་འགོ་བཙུགས། སླར་ལྷ་སར་ལོག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཉེར་གཅིག་མཆོད་པ་རྒྱས་པར་བསྒྲུབས། ཡང་ཟླ་བ་དྲུག་པའི་ནང་དུ་གྲང་ཆེན་པ་འགའ་ཞིག་ཕེབས་བྱུང་བ་རྣམས་ལ་རྡོ་རྗེ་འཇིགས་བྱེད་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་