R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༦
[A:༢༤༦]པ་ཕུལ། དེ་ནས་སྡེ་སྲིད་སྐུ་མཆེད་ཐུགས་བཞེད་སོ་སོར་གྱེས། ལྷ་ས་ནས་ཀྱང་རྟ་བརྒྱུགས་མེ་ཏོག་ཡར་བ་ལྟར་སོང༌། རྫོང་དང་ཕྱག་རྫས་བུ་རྟ་ཀུན་དབང་མེད་བཞི་མདོའི་རྩྭ་བཞིན་དོར་ནས་བཞུད། སྐྱ་སེར་གྱི་ཁུལ་ནས་ཕོ་རུས་ཀྱི་གཞུང་འཐེན་མཁན་མང་དག་འདུག་ཀྱང་རི་བོང་གི་ཅལ་དང་མཚུངས་པའོ། །ཞག་བདུན་གྱི་བར་ལ་རྫོང་དུ་བསྡད། ན་བཟའ་མཆོད་རྫས་དངོས་པོ་དྲག་པའི་རིགས་རགས་པ་ཕྱག་ཏུ་འབུལ་མི་རྫོང་བདའ་བྱས། རང་ངོས་ནས་ཕྱི་ནང་གི་རྒྱུ་དངོས་ལ་བསླབ་པའི་རྩ་བ་ངོས་ཟིན་པར་བྱས་ནས་སྐྱོན་གྱུར་གྱི་རྟོག་པ་ཡེ་མེད། དཔལ་ལྡན་རྩེ་པ་སྐུ་དྲུང་ཞེས་མི་ལུས་ལ་རྔམ་སེམས་མེ་ལྟར་འབར་བའི་སྲིན་པོའི་གཟུགས་དེ་ཉིད་སྡེ་པ་ལ་རྫོང་སོགས་འཇགས་གནས་ཞུ་བར་གཙང་ལ་གནང་བ་དོན་དེ་ཉིད་ཕྱི་ནང་ལོག་ཏུ་སྒྲུབ་ནས་བྱོན་བྱུང་སྡེ་པ་མ་བཞུགས་ཕྱིན་མཆོད་ཁང་འདི་ཁྱེད་བླ་མ་ཡིན་པས་རྩིས་བཞེས་གསུང་པ་ལ། བདག་ནི་བཙུན་པར་ཁས་བླངས་པ་ཡིན་པས་མ་བྱིན་པའི་དངོས་པོ་སེ་བ་ཙམ་ཡང་མི་དགོས་བྱས་པས་འོ་ན་དེ་ཙུག་ཡིན་ཟེར་ནས་མཆོད་ཁང་གི་གཙོས་དངོས་པོ་དྲག་པ་ཕལ་ཆེ་བ་བསྡུས་སོང་ངོ༌། །གཙང་ནས་མི་སྣ་སྤྲེལ་པོ་བྱོན་རྫོང་ཆེན་ཕྱི་ནང་ཐམས་ཅད་རྩིས་སྤྲད། དངོས་པོའི་རིགས་ཐམས་ཅད་ནི་དེ་འཕྲལ་སྤྲིན་ཚོགས་རླུང་གིས་བདས་པ་ལྟར་དེངས་སོང༌། དེ་ནས་སླར་ཡང་མི་སྣ་བསྐྱར་མ་བྱུང་བས། བདག་དང་ཆ་ཞབས་སྐྱ་སེར་ཀུན་ལ་དཔོན་ཆེན་གྱི་རྫོང་འདི་ལྟ་བུའི་ཕྱི་ནང་གི་རྒྱུ་དངོས་ཐམས་ཅད་ཁྱེད་རང་གཡོག་རིགས་གྲོས་བྱས་ཀྱིས་བཟས་པ་ཡིན་ཟེར་བ་སྒྱུར་སྒྱང་མང་པོ་བྱུང༌། གཞན་ནི་གླེང་མི་ཅང་མི་འདུག །བདག་གི་ལུགས་གཉིས་