R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༧
[A:༢༤༧]གང་གི་ཁྲིམས་འཕྲད་མཛད་ཀྱང་བདག་སྐྱ་སེར་རྣམས་ལ་འཁྲི་བ་རྩ་བ་ནས་མེད། སྔར་བྱོན་པའི་མི་སྣ་ཚོ་ལ་རྩིས་འབུལ་མི་བདག་ཡིན། དངོས་པོའི་རིགས་འདི་འདྲ་བྱས་ཚུལ་རིམ་པས་བསྙད་པས་དངས། བཀའ་འགྱུར་གསེར་མ་དེ་ཉིད་གཙང་ལ་ཁུར་བ་སོགས་མི་འདོད་པ་དུ་མས་མནར་བ་ནས་མི་སེར་ཐམས་ཅད་སྡུག་ཐུག །དཀའ་བཞི་པ་ཟེར་བའི་སྡེ་པའི་ནང་བློན་ཁྲེལ་གཞུང་ནམ་མཁའི་གློག་པས་ཐུང་བ་དེ་ཉིད་ཐོ་ཐལ་བཏང༌། དེ་ལ་བརྟེན་པའི་བྱ་བ་ངན་པས་གཞི་བྱས་སྐྱ་སེར་མི་ཆགས་པར་ཐུག་པས། གཞན་མ་འགོ་ཡོད་ནི་མི་འདུག་སྙིང་རྗེའི་ཡུལ་དུ་གྱུར་པ་རང་འདི་རྣམས་སུ་འདུག་པ་སྙམ་དཀའ་བ་དང་དུ་བླངས། ཡུལ་དང་ཡུལ་གྲུ་ཐམས་ཅད་བདེ་ན་སྙམ་པ་དང་འཇིག་རྟེན་བདེ་ཞིང་ཞེས་སྨོན་པའི་རྩིས་ན་དངོས་སུ་ལག་ལེན་བྱེད་པ་ལ་ངལ་དུབ་དང་བགྱིད་ལུག་མེད་པར་རང་དོན་སྤངས་པའི་བྱ་བ་ཉིན་མཚན་ངོ་མི་ཤེས་པར་བྱས་པས་ཐམས་ཅད་རང་གནས་སུ་འདྲོངས་པ་ཞིག་བྱུང༌། དེ་ལྟར་ལུས་ངག་ལོངས་སྤྱོད་སོགས་ཀུན་གྱི་ངལ་བ་ཁྱད་དུ་བསད་པས་དོན་ལ་སེམས་ཅན་གྱི་དོན་ཆེན་པོ་དངོས་སུ་བགྱིས་པས་རྒྱལ་བ་དགྱེས་པའི་ཐབས་ལས་གཞན་མ་མཆིས་སོ། །དེ་སྐོར་གྱི་གནས་ཚུལ་མང་དག་ཅིག་འདུག་མོད། ཡི་གེར་བཀོད་པ་ལ་དོན་དང་བྲལ་བས་དགོས་པ་མེད། གང་ལྟར་ལྷ་ས་པ་སྐྱ་སེར་བདེ་བའི་གོ་སྐབས་ཐོབ་པའི་ཁུངས་བྱས། བདག་གིས་འདར་སྟོད་བླ་མའི་གདན་སར་ཡོངས། ཟླ་བ་བཅུ་གཉིས་པའི་ཉེར་གཅིག་ལ་སྔར་གྱི་གྲྭ་ཁང་ཉིད་དུ་ཟླ་བ་ཕྱེད་གསུམ་གྱི་བར་ལ་དྲུག་ཅུ་ཐོར་པ་ལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཕྱི་འཁྲིད་ཕྱི་ནང་