[A:༣༤༧]ཆེན་མོ་འདིའི་ཕམ་པའི་སྐབས་ཡན་ཆད་ཀྱི་གསུང་རྩོམ་ཡང་གནང་འདུག་གོ །སྤྲུལ་པའི་སྐུ་དེ་ཉིད་ཕྱིས་ལ་སྟོད་ལྷོ་ཕྱོགས་སུ་ཆུ་དབར་སྒྲུབ་སྡེ་གསར་འཛུགས་སོགས་ལ་ཕེབས་སྐབས་བསྟན་པའི་སྐུ་ཆགས་ཀྱི་ཞིང་ཁམས་འཕྲལ་དུ་བརྗེས་པ་མ་གཏོགས། དམ་པ་འདིའི་ཕྱི་ནང་གསང་བའི་སྐུའི་ཡོན་ཏན་གྱི་སྙན་པ་གསན་ཅིང་དགོངས་པར་བཞུགས་པ་ལ་བརྟེན་གསང་བའི་བླ་མར་བཞེས་པའི་སྒོ་དོད་ངེས་སུ་བྱུང་འདུག་ཅེས་ཀྱང་ཐོས་སོ། །དཀར་ཁུང་སློབ་དཔོན་དུ་ཕེབས་པའི་ཕྱི་ལོ་འཕར་བ་ཞེས་པ་ལྕགས་མོ་གླང་ལོ་ཐུབ་བསྟན་ཁྲ་མོའི་སློབ་དཔོན་རྗེ་འབུམ་ཕྲག་ལྔ་པའི་གདན་ཁྲིར་འཁོད་དེ་བློ་གསལ་བུང་བའི་ཚོགས་ལ་ལེགས་བཤད་ལུང་རིགས་ཀྱི་སྦྲང་རྩི་ཅི་ཡང་ཞིག་སྩོལ་བ་མཛད་ཅིང༌། ཐུབ་བསྟན་སློབ་དཔོན་གནང་བའི་གོང་གི་ལོ་ཁ་ཤས་ཀྱི་སྐབས་དང༌། སྔ་ཕྱི་ལ་ས་སྐྱ་པའི་སྙན་བརྒྱུད་སྔགས་གྲ་འདར་གྲང་མོ་ཆེར་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ་གྱི་ཞབས་པད་བསྟེན་ཏེ། རྡོ་རྗེ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྷ་བརྒྱད་མ། ལྷ་བཅུ་གཉིས་མ། བཅུ་བདུན་མ་རྣམས་ཀྱི་དབང་དང༌། ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། ལྷ་བཅུ་གཉིས་མ། ཟངས་གྲི་སྐོར་གསུམ། དུར་ཁྲོད་བདག་པོ་སྟག་ཞོན་ལྕམ་དྲལ། དུད་སོལ་ལྷ་མོ་གཙོ་འཁོར་དགུ། པུ་ཏྲ་ལྕམ་སྲིང་གི་རྗེས་གནང༌། ཁྲོ་བཅུའི་རྗེས་གནང་རྣམས་དང༌། རྡོ་རྗེ་བྲག་རྫོང་མའི་ཕྱི་ནང་གསང་གསུམ་གྱི་འཁྲིད། ལྷ་བརྒྱད་ཀྱི་ནང་འཁྲིད་དང༌། གསང་འཁྲིད། ཐུན་མོང་