R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༤༨
[A:༣༤༨]མ་ཡིན་པའི་ལྕམ་དྲལ་ལྷ་དགུའི་རྗེས་གནང་དང་བཅས་པ་སོགས་དབང་འཁྲིད་རྗེས་གནང་གི་ཚོགས་མཐའ་ཡས་པ་དང༌། ལུང་གི་སྐོར་ལ་མགོན་པོད་མེ་འབར་མ། སྙན་བརྒྱུད་གླེགས་བམ། ཁ་སྐོང་གླེགས་བམ། གྱི་ལྗངས་དང༌། དུད་སོལ་མའི་གླེགས་བམ་སོགས་ལུང་གི་ཚོགས་མཐའ་ཡས་པ་དང༌། དཔལ་མགོན་ཞལ་བཞི་པའི་བསྙེན་དུས་ཀྱི་རྗེས་གནང༌། སྒྲུབ་དུས་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། ཤིན་ཏུ་བཀའ་གཉན་པའི་ཞལ་གྱི་གསང་འཁྲིད་རྗེས་གནང་དང་བཅས་པ་དང༌། ཤོག་རིལ་ཉེར་གཅིག་གི་ལུང་སོགས་མང་པོ་དང༌། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། རོ་ལངས་བརྒྱད་སྐོར་གྱི་དབང༌། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་འཁྲིད། རྭ་པོད་ཀྱི་ལུང༌། ལས་གཤིན་ལྷ་བཅུ་གསུམ་གྱི་རྗེས་གནང༌། དཔའ་བོ་གཅིག་པ་དང༌། དམར་པོ་ཁྲག་མདོག་གི་རྗེས་གནང༌། དེ་དག་སོ་སོའི་བརྒྱུད་འདེབས་སྒྲུབ་ཐབས་དཀྱིལ་ཆོག །གཏོར་བཟློག་གི་ལྷན་ཐབས། སྐོང་གསོ་སོ་སོའི་ལུང་དང་བཅས་པ། རྡོ་རྗེ་ཕག་མོ་ལྷ་སོ་བདུན་གྱི་དབང༌། མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས། ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་ཀྱི་འཁྲིད། འཕོ་བ་གཉིས། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་དང་བཅས་པ། འཆི་མེད་ལྕགས་སྡོང་མའི་དབང་ལ་སོགས་པ་ཆོས་བཀའ་མཐའ་ཡས་པ་ཞིག་གསན་ཅིང༌། དེ་ལྟར་གསན་པའི་རྡོ་རྗེ་བྲག་རྫོང་མའི་འཁྲིད། ལྷ་བརྒྱད་ཀྱི་གསང་འཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་འཁྲིད་རྣམས་ལ་སྔགས་འཆང་བསོད་ནམས་ཆོས་འཕེལ་དེ་ཉིད་ཀྱི་གསུང་