R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༥༦
[A:༣༥༦]ཀྱི་གསལ་བྱེད། སྡོམ་གསུམ་རབ་དབྱེའི་ཊཱིཀྐ་ལེགས་བཤད་ཟླ་བའི་མྱུ་གུ། དེའི་ས་ལམ་གྱི་སྐབས་ལས་འཕྲོས་པའི་འབྲས་བུའི་དོགས་དཔྱོད། དེའི་ཁ་སྐོང་གི་ཊཱིཀྐ། འདུལ་བའི་སྤྱི་དོན་ཆེན་མོ་ཐུབ་བསྟན་རྒྱས་པའི་ཉིན་བྱེད། དེའི་དུས་ཚིགས་ཀྱི་རྣམ་བཤད། དེའི་དབུ་ཕྱོགས་ཀྱི་ལེགས་བཤད། མངོན་པ་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད། རྒྱུད་བླ་མའི་ཊཱིཀྐ། བཟང་པོ་སྤྱོད་པའི་ཊཱིཀྐ། དབུ་མ་བཤེས་སྤྲིང་གི་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན། དབུ་མ་ཐལ་རང་གི་བཤན་འབྱེད། དེའི་རྟགས་ཆེན་ལྔའི་ལེགས་བཤད། མཁས་པ་འཇུག་སྒོའི་དགོངས་པ་སྤྱིའི་ངག་གིས་སྟོན་པ་ལེགས་བཤད་ནོར་བུའི་འཕྲེང་མཛེས། འབེལ་གཏམ་ལས་འཕྲོས་པའི་བརྒལ་ལན་ཡིད་ཀྱི་མུན་སེལ། གཞུང་ཆེན་དྲུག་གི་ཡན་ལག་ངེས་དོན་གཏམ་གྱི་བདུད་རྩི། བརྒྱད་སྟོང་པ་དང༌། མདོ་སྡུད་པ་གཉིས་མངོན་རྟོགས་རྒྱན་གྱི་ལུང་ཁུངས་སུ་སྦྱར་བའི་བཤད་པ། སྙན་ངག་གི་དོན་རྒྱན་ལས་འཕྲོས་པའི་དྲི་བ་རང་ལན་དང་བཅས་པ། བསྔོ་བའི་རྣམ་གཞག་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་མདོ་དང་རིགས་གནས་ཕྱོགས་ཀྱི་གསུང་རབ་དཔག་མེད་དང༌། རྗེ་ཐུགས་རྗེ་དཔལ་བཟང་གི་རྣམ་ཐར། མཁན་ཆེན་དབང་ཕྱུག་དཔལ་བཟང་གི་རྣམ་ཐར། བརྟག་གཉིས་ཀྱི་ཊཱིཀྐ། ཡོན་ཏན་རྒྱ་མཚོའི་ཊཱིཀྐ། ཀྱེ་རྡོ་རྗེའི་དཀྱིལ་ཆོག་གི་དྲི་བ་རང་ལན་དང་བཅས་པ། བདེ་མཆོག་ཆོས་སྐོར་གྱི་དྲི་བ་རང་ལན་དང་བཅས་པ། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་བཤད་པ་བདུད་རྩི་བུམ་བཟང་དང༌། དེའི་དབང་གི་དཀའ་གནས་དོགས་དཔྱོད་དྲི་བ་རང་ལན་དང་བཅས་པ། གསང་འདུས་ཆོས་ཀྱི་བྱུང་ཚུལ་ཉམས་ལེན་དང་བཅས་པ། གསུང་