[A:༣༥༧]ངག་ལམ་འབྲས་ཕྱོགས་ལ་སྣང་གསུམ་རྒྱུད་གསུམ་གྱི་འཁྲིད་ཡིག །རྡོ་རྗེའི་ཚིག་འགྲེལ་གཉག་མའི་དགོངས་གསལ། ཕྱི་དཀྱིལ་ནང་དཀྱིལ་གྱི་བཤད་པའི་ཟིན་བྲིས། སློབ་བཤད་རྩོད་སྤོང་འཇིགས་བྲལ་སེང་གེའི་ང་རོ། ལམ་འབྲས་འཆད་པ་པོ་ལ་ཞུ་འཕྲིན་སྙིང་གི་བདུད་རྩི་རང་ལན་དང་བཅས་པ་སོགས་དང༌། གཞན་ཡང་བྱིན་རླབས་ཟིན་བྲིས་ཀྱི་སྐོར་མཐའ་ཡས་པ་དང༌། ནག་པོ་ཆེན་པོའི་ཆོས་སྐོར་གྱི་ཁོག་ཕུབ་སྙན་བརྒྱུད་མཛེས་རྒྱན། དབང་ཆོག་རིམ་པ་ལྔ། རྗེ་བཙུན་ཆེན་པོའི་བསྟོད་པ། ས་པཎྜི་ཏའི་བསྟོད་པ། བརྒྱུད་འཛིན་རིན་པོ་ཆེའི་རྣམ་ཐར་བསྟོད་པ། གྲུབ་མཆོག་བསོད་ནམས་ཆོས་འཕེལ་གྱི་བསྟོད་པ། འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ཀྱི་བསྟོད་པ་སོགས་བླ་མའི་བསྟོད་ཚོགས་དུ་མ་དང༌། གཙུག་ཏོར་རྣམ་རྒྱལ་གྱི་བསྟོད་པ་ཚན་པ་གསུམ་སོགས་ཡི་དམ་ལྷའི་བསྟོད་ཚོགས་དུ་མ་དང་གུར་མགོན་གྱི་དབང༌། གཙུག་ཏོར་གདུགས་དཀར་གྱི་དབང་སོགས་དབང་ཆོག་དུ་མ། གངས་ཅན་གྱི་ཆེ་དགུ་མཐའ་དག་ལ་ཞུ་འཕྲིན་དུ་ཕུལ་བ་སྐལ་པ་བཟང་པོའི་ཉིན་བྱེད་སོགས་ཞུ་འཕྲིན་གྱི་རིས་དུ་མ། ས་ལུགས། ཤངས་ལུགས་ཀྱི་འཁྲིད། རྗེས་གནང༌། བྱིན་རླབས། ཡི་དམ་ཆོས་སྐྱོང་ནོར་ལྷ་སོ་སོར་ཡིག་ཆ་མཐའ་ཡས་པ་སོགས་གསུང་འབུམ་གྱི་རིགས་པོ་ཏིར་ལོངས་པ་བཅུ་ཕྲག་ཙམ་བཞུགས་པ་དེ་ཐམས་ཅད་ཀྱང་མཁས་པ་ཐུགས་གཟུ་བོར་གནས་པ་སུས་གཟིགས་ཀྱང་མོས་གུས་དངས་འདྲེན་ཡིད་སྨོན་ཁོ་ནའི་གནས་སུ་གྱུར་པ་འབའ་ཞིག་སྣང་སྟེ། དེ་དག་གི་སྒོ་ནས་ཀྱང་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་པ་