[A:༣༥༩]བླ་བྲང་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྲིད་གསུམ་འགྲོ་བའི་བླ་མ་འཇམ་མགོན་གྲུབ་པའི་ཁྱུ་མཆོག་བསོད་ནམས་དབང་པོ་སྐུ་མཆེད་བཞུགས་པ་ལ་མཇལ་ཁ་མཛད། སྐུ་མཆེད་གཉིས་ཀ་ཐུགས་ཤིན་ཏུ་མཉེས་པ་ཡོད་འདུག་པས། གཅེན་འཇམ་དབྱངས་དབང་པོའི་དྲུང་དུ་དམ་པ་འདི་ཉིད་ཀྱིས་དག་ལྗོན་སྤྱི་གསུམ་གྱི་ལུང་དཀའ་འགྲེལ་དུ་ཞུ་བ་གནང་འདུག་ཅིང༌། དེ་དུས་དབུས་ནས་རྨོར་པ་དབོན་ཆེན་གྱིས་གསོལ་བ་བཏབ་ངོར། འཇམ་དབྱངས་དབང་པོ་དེ་ཉིད་ཀྱི་བདག་ཁ་ཤས་ལ་མགོན་པོད་མེ་འབར་མའི་ལྗགས་ལུང་གནང་བའི་སྐབས་ཡིན་པས་ཆོས་ཐུན་འཕྱིས་ཙམ་བྱུང་བ་ཞིག་ལ། འཇམ་དབྱངས་དབང་པོ་དེ་ཉིད་ཀྱི་གསུང་ལས། ད་རང་ནས་ཐུབ་བསྟན་མཁན་ཆེན་བྱོན་ནས་དེ་ལ་འགོར་བ་ཡིན། འདི་འདྲའི་དགེ་བཤེས་ཕྲུ་མར་བཞུགས་རྒྱུ་ཡིན་པ་འདུག །གསེར་ཐིག་པོ་སྒོ་འགག་ལ་འགྲིམ་པའི་སྐབས་ཡིན་པ་འདུག་སྟེ་གསུངས། ཐུབ་བསྟན་ལྷ་ཆེན་གྱི་འཆད་ཉན་ཨ་གནང་དགོངས་པ་ཡོད་འདུག་ཅིང༌། ཡང་བདག་ལ་ང་རང་མགོན་པོ་ལ་ཞིབ་པོ་ཡོད་པའི་ཁུངས་ཡིན་ཏེ། ཁོང་ཆ་ཆད་ཀྱི་ཞིབ་པར་འདུག །རྗེ་དྲུང་རང་མགོན་པོའི་ཆོས་སྐོར་ངས་མ་ཐུབ་ན་ཞུ་བའི་འོས་ཐུབ་བསྟན་མཁན་ཆེན་འདི་རང་ཡིན་པ་འདུག་གསུང་པ་ཕྱིས་ལུང་བསྟན་དུའང་འདུག །རྨོར་པ་དཔོན་ཆེན་དེ་སྔགས་ཀྱི་ཐོས་བསམ་ཕུལ་ཕྱིན་ཆོས་ཐོབ་དོན་གཉེར་གྱི་སྐབས་ཡིན་འདུག་པ་དང༌། འཇམ་མགོན་དེ་ཉིད་ཀྱི་བཀས་བསྐུལ་བ་ལ་བརྟེན། དམ་པ་འདི་ཉིད་ལ་ཞལ་གྱི་ཆོས་སྐོར་ཁ་རེ་གསན་པ་ཡོད། བདག་ལ་ནི་དེ་སྐབས་ནས་སུ་