[A:༣༦༠]མཇལ་འདོད་དད་གུས་ཤིན་ཏུ་ཆེ་བ་ཡོད་ཀྱང༌། མདོ་ཕྱོགས་ཀྱི་དཔེ་ཆ་བྱེད་སྐབས་སུ་སོང་བའི་མ་ནུས་པའི་སླབ་ཅོལ་དུ་སོང་དོགས་འཇལ་བ་རང་ནི་མ་བྱུང༌། དེ་ནས་ཕྲུ་མ་དང༌། མང་མཁར་བསམ་འགྲུབ་དགོན་གསར། རྩ་བརྒྱང་ནས་སྨན་པའི་རྒྱལ་པོ་ཚོས་ཞབས་ཏོག་མཐུན་འགྱུར་ཡང་གནང་བའི་བླ་བྲང་རྫོང་རྣམས་སུ་ཟླ་བ་དྲུག་བདུན་དང་ལོ་མཚམས་སུ་མ་གནང་བའི་སྐབས་རྣམས་སུ། རེས་ཡི་དམ་ལྷའི་བསྙེན་པ་མང་པོ་དང༌། རེས་འགའ་ཀྱེ་རྡོ་རྗེ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཆོ་ག་བརྒྱ་ཚར་གསོག་པ་གནང་བ་དང༌། རེས་ཐུགས་དམ་འཆག་མེད་ཀྱི་རིམ་པ་རྣམས་སྔ་གོང་གནང་ནས། ཉིན་གྱི་ཆ་ལ་རྩ་རྒྱུད་བརྟག་གཉིས་བརྒྱ་ཚར་གསོག་པ་ཞལ་འདོན་དང༌། སྡུད་པ་ཚིགས་སུ་བཅད་པ་བརྒྱ་ཚར་གྱི་ཞལ་འདོན། བྱམས་ཆོས་སྡེ་ལྔ་བརྒྱ་ཚར་གྱི་ཞལ་འདོན་སོགས་གསོག་པ་གནང་བ་དང༌། རེས་ནེ་གུ་ཆོས་དྲུག་གི་སྒོམ་དང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་གནད་དུ་བསྣུན་པ་སོགས་གནང་གསུངས་ལ། སྐབས་ཤིག་བུ་ལེ་རི་ཁྲོད་བྱང་ནས་ཕུལ་ཏེ། དེར་ཟླ་བ་བདུན་སྐུ་མཚམས་གནང༌། སྔོན་གྱི་རྒྱལ་བ་གོང་མའི་གནས་འདི་ལྟ་བུ་གསུངས། མཉེས་པ་ཆེན་པོ་གནང༌། གནས་བསྟོད་ཞིག་ཀྱང་གནང་འདུག །ཡང་དེ་དག་གི་སྐབས་དང་སྐབས་སུ་སྐྱེས་བུ་དམ་པ་བསྟེན་པ་དང༌། གསང་སྔགས་ཀྱི་འཆད་ཉན་མང་པོ་གནང་སྟེ། དམར་སེར་ཅན་ཞེས་པ་མེ་མོ་སྦྲུལ་གྱི་ལོ་དགུང་ལོ་ཞེ་དྲུག་པ་ལ་བསམ་འགྲུབ་དགོན་གསར་དུ། རྗེ་དབོན་བསྟན་པའི་རྒྱལ་མཚན། ད་ལྟའི་བྱ་གཤོང་