R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༦༩
[A:༣༦༩]འཁྲིད། གུ་རུ་དྲག་དམར་གྱི་དབང་སོགས་ཆོས་བཀའ་མཐའ་ཡས་པ་དང༌། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས་པར་མཛད་པ་སོགས་ཐུབ་བསྟན་མིང་དང་མཐུན་ངེས་ཀྱི་དར་ཞིང་རྒྱས་ཏེ་ལེགས་ཚོགས་བསམ་གྱིས་མི་ཁྱབ་པ་གནང་འདུག་ཅིང༌། ཞར་ལ་གཙང་ཞབས་དྲུང་གི་བཀའ་བློན་ཁང་བྲག་ནས། རྩ་ཁུ་ནས། སྒོག་ལུང་ནས་སོགས་ཀྱིའང་གདན་དྲངས་ཤིང་འབུལ་བ་དངོས་པོ་ཇི་སྙེད་པ་ཕུལ། དཔའ་བོ་སྡིག་སེམས་ཅན་མཐའ་དག་དམ་པ་འདིའི་ཐུགས་རྗེ་དགེ་སེམས་དཔག་མེད་ལ་འགོད་པར་མཛད། ཡར་ལམ་ཐུབ་བསྟན་ཡངས་པ་ཅན་དུ་ཡང་མཁན་ཆེན་དཀོན་མཆོག་བཟང་པོས་གདན་དྲངས་ཏེ་བསྙེན་རྫོགས་དང་ཆོས་བཀའ་ཁ་ཤས་གནང༌། སླར་ཡང་བླ་བྲང་རྫོང་དུ་སྐུ་མཚམས་རྒྱང་ཙམ་གནང་ནས། བྱང་ངམ་རིང་དུ་ལྷ་སྲས་དྲུང་ཡུམ་སྲས་ཀྱིས་སྤྱན་དྲངས། བདག་པོ་ཨ་ལོའི་དྲུང་དང༌། ཞི་དགོན་སློབ་དཔོན་དཀོན་མཆོག་ལྷུན་གྲུབ་སོགས་དགེ་བའི་བཤེས་གཉེན་ཁ་ཤས་ལ་དུས་འཁོར། ཀྱེ་རྡོར། འཇིགས་བྱེད་སོགས་དབང་ཁ་ཤས་དང་རྗེས་གནང་ཡང་མང་རབ་གནང་འདུག་ལ། དགུང་ལོ་རེ་བརྒྱད་དུ་ཕེབས་པ་མྱོས་ལྡན་ཞེས་པ་ས་མོ་ཡོས་ལོ་བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་ངོར། མང་མཁར་བསམ་འགྲུབ་དགོན་གསར་ཐུབ་བསྟན་བདེ་བ་ཅན་དུ་གསུང་ངག་ལམ་འབྲས་སློབ་བཤད་ཆ་ལག་དང་བཅས་པ་ཆ་ཚང་བ། དམར་འཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད། རྡོ་རྗེ་བྲག་རྫོང་མའི་འཁྲིད་རྣམས་གསོལ་བ་འདེབས་མཁན་སོ་སོའི་ངོར་བཀའ་དྲིན་བསྐྱངས། བདག་ཅག་ཆོས་གྲགས་གཉིས། ད་ལྟ་བྱེ་རྫིང་