[A:༣༧༡]སླེབས་གསུང་པ་སོགས་ཅི་ཡང་ཞིག་བཀའ་ཕེབས་ཀྱིན་འདུག་པ་དང༌། སྐུ་བགྲེས་པའི་རྣམ་འགྱུར་འགའ་ཞིག་མཐོང་བས། ད་འདི་ལྟ་བུའི་བླ་མ་ལོ་གསུམ་བཞི་ཙམ་ལས་མི་བཞུགས་པ་འདུག་སྙམ་པའི་སེམས་པ་ཚད་ཤིན་ཏུ་ཆེ་བ་དང༌། མིག་ནས་ཀྱང་མཆི་མ་ཤོར་བ་ཞིག་བྱུང༌། དེ་ནས་ཡང་གདན་ས་ཆེན་པོར་ལན་ཅིག་ཕེབས་ཏེ། སླར་བླ་བྲང་རྫོང་དུ་སྐུ་མཚམས་རྒྱང་ཙམ་མཛད། དེ་སྐབས་འདར་གྲང་ཆེན་པ་མཆོད་ཡོན་རྣམས་ཀྱིས། རྩེ་གདོང་ཞབས་དྲུང༌། གཙང་ཞབས་དྲུང་གི་ཞུ་ངོ་བཀའ་ཐམ་དང་བཅས་གསོལ་བ་ལན་གྲངས་དུ་མར་ཕུར་ཚུགས་སུ་བཏབ་བ་ལ་བརྟེན། རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་ལོ་གྲོ་བཞིན་ཟླ་བའི་ཚེས་གཅིག་ལ་གཙང་སྟོད་སྙན་བརྒྱུད་སྔགས་གྲྭ་འདར་ཆོས་འཁོར་ཡང་རྩེར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ཁྲིར་ཕེབས། སྐྱ་སེར་ཐམས་ཅད་དགའ་སྤྲོ་ཚད་མེད་པའི་བདེ་བ་ལ་འགོད་པར་མཛད། དེ་སྐབས་བདག་ལྷ་སར་ཇོ་མཇལ་ལ་འགྲོ་བའི་རྐྱེན་སེལ་གྱི་བཀའ་བསྒོ་ཞུས་པར་བཀའ་ལས་ཇོ་བོའི་གཡས་མཇལ་ལ་སྨོན་ལམ་བཏབ་ཚད་ཐེབས་པ་ཡིན་པས་ངས་ཀྱང་ཚེ་རིང་བའི་སྨོན་ལམ་བཏབ་ད་དྲུག་ཅུ་རེ་དགུ་ན་སླེབ། ཚེ་དགའ་རབ་ཡང་བྱུང༌། ཁྱེད་རང་ཡང་བློ་ཆོས་སུ་སོང་ཕྱིན་ཚེ་རིང་པོ་བྱེད་ན་ཆོས་འཕེལ་བ་ཡིན། སྤྱིར་སྨོན་ལམ་རྒྱ་གང་ཆེ་དང་ཁྱད་པར་ཚེ་རིང་པའི་སྨོན་ལམ་ཐོབ་གསུང་བྱུང་ཞིང༌། དེ་ནས་སྟོན་གཞུག་དེ་སྐུ་དོག་གི་ལྟས་བྱུང་འདུག་པར་བླ་བྲང་རྫོང་དུ་སྐུ་མཚམས་ལ་ཕེབས་འདུག་ཀྱང༌། བྱང་ངམ་རིང་དུ་ལྷ་སྲས་དྲུང་སྐུ་གཤེགས་པའི་བདག་པོས་སྤྱན་འདྲེན་ཤིན་ཏུ་ནན་ཆེ་བ་ལ་བརྟེན་དགུན་ཆོས་ཀྱི་སྟེང་དུ་ངམ་རིང་