R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༧༢
[A:༣༧༢]དུ་ཕེབས་དགོས་ཤར་བའི་ལམ་སྟོན་མེ་མཆོད་གསུང་བ་བསྔོའི་རིམ་པ་སོགས་གཤིན་པོ་རྗེས་འཛིན་གྱི་སྐོར་ངན་སོང་སྦྱོང་རྒྱུད་ནས་ཇི་ལྟར་གསུངས་པའི་རིམ་པ་ཆ་ཚང་གནང་འབུལ་བའི་རིམ་པ་ཡང་བློས་མི་མཁྱུད་པ་བྱུང་འདུག །དེ་ལྟར་བཤད་སྒྲུབ་སྤེལ་མ་གསུང་རབ་ཀྱི་འཇོག་དང་བཅས་པའི་སྒོ་ནས་ཐུབ་པའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད་པ་ཡིན་ནོ། །གསུམ་པ་ཡི་དམ་ལྷའི་རྗེས་སུ་བཟུང་བའི་བྱིན་རླབས་ཁྱད་པར་ཅན་མངའ་ཚུལ་ནི། དམ་པ་འདི་ཉིད་སྔོན་རྗེ་བཙུན་གྲགས་པའི་རྗེས་སུ་བཟུང་བའི་རྒྱུ་མཚན་གྱི་ཞལ་འདོན་རྒྱུན་པ་ཡང༌། ཆོས་རྣམས་མ་དང༌། རྗེ་བསོད་ནམས་ཆོས་འཕེལ་གྱི་སྐུ་བསྟོད་ལ་གཙོ་བོར་མཛད། ལྷ་སའི་ཞབས་སྐོར་འབུམ་ཐེར་གནང་དུས་རི་ཆེན་པོ་ཞིག་གི་རྩེར། དགེ་བའི་བཤེས་གཉེན་ཤཱཀྱ་བསྟན་འཛིན་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད་པའི་མཐར་མི་ཞིག་གིས་ཁྱེད་རང་སྔར་རྒྱ་གར་ཤར་ཕྱོགས་སུ་སྐྱེ་བ་གཅིག་ལེན་དགོས་རྒྱུ་ཡིན་ཀྱང༌། ད་འདི་ནས་སྐྱེ་བ་འཕོས་མ་ཐག་རྗེ་བཙུན་གྲགས་པའི་ཞབས་དྲུང་དུ་འགྲོ་རྒྱུ་ཡིན་ནོ་ཞེས་པའི་མཚན་ལྟས་བྱུང་འདུག་པ་དང༌། ཡང་སྐུ་འདྲ་མཛེ་ཐོད་མར་ཞབས་སྐོར་འབུམ་ཐེར་གནང་དུས་ཉིན་ཅིག་གི་ཚེ་མནལ་དང་འོད་གསལ་འདྲེས་པའི་གཟིགས་སྣང་ལ་སྐུ་འདྲ་དེའི་འགྲམ་ནས་བུད་མེད་ཅིག་དང༌། ཁྱེའུ་དཀར་པོ་ཞིག་བྱུང་སྟེ། རྗེ་ཉིད་ཀྱི་སྐུ་ལ་ཕྱག་རེག་པའི་མོད་ལ་ཐུགས་རྒྱུད་ལ་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་འཁྲུངས་པའི་སྣང་བ་བྱུང་འདུག་པ་ནི་རྗེ་བཙུན་རིན་པོ་ཆེས་རྗེས་སུ་བཟུང་བའི་མཚན་མ་དང༌། ཡང་སྐབས་ཤིག་མནལ་ལམ་ལ་ས་སྐྱའི་མཆོད་ཞིང་བྱ་ཁྲ་མའི་སྟེང་ན་རྗེ་ཉིད་འཁོར་མང་པོ་དང་བཅས་