[A:༣༧༩]རྒྱུ་ཡང་དགའ་མོ་བྱུང༌། ཆོས་ཡང་མང་པོ་བཤོད་རྒྱུ་བྱུང༌། སྒོམ་བྱེད་རྒྱུ་ཡང་དགའ་མོ་བྱུང༌། ཁང་པ་ཁྱེད་ག་ལེ་བཞུགས་ཤིག་གསུང་བ་བྱུང་འདུག་ཀྱང༌། ཕྱག་གཡོག་རྣམས་ལ་གང་གི་ཡང་རྟོག་པ་མ་བྱུང་འདུག །ཧོར་ཟླ་གསུམ་པ་བདག་ཅག་གིས་གདན་བཞུགས་འབུལ་བར་སྐུ་གཞོགས་ལ་ཕྱིན་པས་གྲང་ཆེན་ནས་དགོན་གསར་ལ་ཁོར་ཙམ་ཕེབས་པ་དང་ཐུག་བྱུང༌། གདན་བཞུགས་འབུལ་རྒྱུ་ཡིན་ཚུལ་ཞུས་པར་མཁའ་ལས་ཀྱི་ཁྱད་ཀྱི་གྲང་ཆེན་དུ་འགྲོ་གསུང༌། དེ་སྐབས་དབང་མོ་ཆེ་ཞིག་ཀྱང་གནང༌། སྣ་འུག་ནང་པས་སྤྱན་འདྲེན་ཞབས་ཏོག་དབང་ཞུ་སོགས་འདུག་པར་ཡང་ཕྱག་གཡོག་ལ་ཕྱིན། དེ་ནས་གྲང་ཆེན་དུ་ཕེབས་ནས་གདན་བཞུགས་ཕུལ། དགུང་ལོ་བརྒྱ་ཕྲག་བརྒལ་གྱི་བར་དུ་ལོ་སྟར་གྱི་གདན་བཞུགས་འབུལ་ཞུ་བ་ཙམ་བྱས་པའི་སང་དེ། ཁ་སང་རྟེན་འབྲེལ་བཞིན་དགའ་མོ་འདུག་གམ་ཞུས་པས། མདང་གདན་བཞུགས་ཕུལ་ནས་བློ་འདི་ཅུང་བདེ་བ་ཅིག་བྱུང༌། རྨི་ལམ་ལ་སྐྱེ་དམན་འདྲ་འཛར་འཛར་མང་པོ་འཁྲིས་ན་འདུག་པ་ཕར་འགྱང་ཙམ་སོང་བ་ཅིག་བྱུང་གསུང༌། ཡང་སང་གནངས་དེ་བདག་གིས་ཁ་སང་སྟོན་གཞུག་དེ་རྨི་ལམ་ལ་ས་སྐྱའི་བླ་བྲང་ཟམ་པའི་སྟེང་ལ་གཏོར་མ་བརྒྱག་མཁན་གྲྭ་པ་མང་པོ་འགྲོ་འདུག་པས། གཅིག་ནི་འདིའི་གོང་ལ་ཞབས་དྲུང་ལ་གདན་བཞུགས་འབུལ་དགོས་ཟེར་བ་བྱུང༌། ས་སྐྱའི་སྐུ་རིམ་ཆེན་མོའི་གོང་དུ་འདིར་གདན་བཞུགས་དགོས་རྒྱུ་ཡིན་འདྲ་བསམ་བྱུང་བ། སྐུ་རིམ་ཆེན་མོ་ཆོ་འཕྲུལ་གཞུག་ལ་བསུ་རྒྱུ་ཡིན་ཟེར་འདུག་པ་དང༌། བླ་བྲང་རྫོང་དུ་གདན་བཞུགས་འབུལ་མི་བཏང་བས་ཕེབས་རྗེས་མ་ཟིན་པ་བྱང་ལ་འགྲོ་དགོས་བྱུང་འདུག་ཞུས་པས། དེ་བྱུང་