[A:༣༨༠]ན་ནིང་ང་རང་གི་རྨི་ལམ་ལའང་མི་དཀར་པོ་ཁ་ཤས་ནི་ས་སྐྱ་པའི་ཕྱག་མོ་ལ་དོག་ཟེར་བ་འདུག་ཟེར་མཁན་ཞིག་བྱུང་སྟེ། གྲང་མོ་ཆེ་པ་ཚོས་ཀྱང་དབུ་ཚུགས་ནན་ཆགས་བྱས་དྲགས་པ་དང༌། བློས་བཏང་ན་མི་ཡོང་འདྲ་བསམ་ཡོང་དགོས་བྱུང༌། དེ་ནས་མཚམས་དེ་བྱུང་ན་དགོས་པ་ཡོད་དེ། ཡང་བྱང་ནས་བདག་པོས་བདག་སེམས་ཅན་གྱི་ཁྲོད་ནས་མི་འདོར་བ་དགོས་ཟེར་ནན་ཆགས་དྲགས་ནས་འགྲོ་དགོས་བྱུང་བ་དེས་གཡེང་བ་ཆེས་ནས་ད་གང་འདྲ་ཡོད་དམ། གྲང་མོ་ཆེའི་མཁར་ལས་ལྷ་ཁང་འདི་ཚར་ཚར་མ་ཤི་ཙམ་ཞྀག་དགོས་པ་འདུག་སྟེ་གསུང་བ་དང༌། བར་དོའི་འཕྲང་ཤོག་པ་ལ་ལྟ་བ་འདི་ག་དྲག་པ་ཡོང་གིན་ཡོད་འདུག །འཁོར་འདས་དབྱེར་མེད་སྒོམ་བློ་སྐད་བྱེད་ཀྱི་ཡོད་དེ། གཡེང་བའི་དབང་དུ་སོང་ནས་ཆེར་མི་ཡོང་བ་འདུག་གསུང་བ་སོགས་གྱ་མ་དོའི་གསུང་ཁ་ཡར་གནང་བྱུང་ཀྱང༌། བདག་བདུད་ཀྱི་ཐིབ་ཀྱིས་ནོན་ཏེ་དཔེ་མེད་དམ་བསམ་ཞུ་བ་མ་གཏོགས་ཞུ་ཆ་གཞན་གང་ཡང་འབུལ་མ་ཐུབ། དེ་སྐབས་ཀྱང་བསྙེན་རྫོགས་གནང་དགོས་ཀྱི་ལས་གྲལ་ཅིག་གི་ཕྱག་གཡོག་ཞུ་དགོས་བྱུང༌། བདག་ལ་སྐུ་གཞོགས་ནས་ཡོང་སྐབས་སྟོན་ཀ་བསམ་འགྲུབ་དགོན་གསར་དུ་ཡོང་དགོས་ཚུལ་དང༌། གྲང་ཆེན་འདི་དཔོན་སློབ་གླང་ཕུ་ནས་ལ་སྤྲོད་དགོས་པ་འདུག་གསུང་བྱུང་བ་དང༌། བདག་གི་བསམ་བློ་ལ་སྟོན་ཀ་དགོན་པ་འདི་ཚོ་འཇོག་པ་གནང་ནས་བླ་བྲང་རྫོང་དུ་སྒྲུབ་པ་ལ་བཞུགས་པ་འདུག །དེ་མཐུན་ཆོས་འཕྲོས་ཞུ་དགོས་རྣམས་མ་ཞུས་ན་ཡུན་རིང་ཨི་བཞུགས་མི་ཤེས་པ་འདུག་བསམ་པ་མ་གཏོགས་གཞན་གང་ཡང་མ་བྱུང༌། གོང་གི་བཀའ་ཕེབས་གྱ་མདོའི་ལོ་རྒྱུས་དེ་ས་སྐྱར་