[A:༣༤༢]འབུལ་སྐབས་ཚེ་དབང་གྲུབ་རྒྱལ་མ་ཞིག་ཀྱང་གསན་འདུག །དེ་ནས་སྤྱན་སྔ་དཀོན་ཅོག་རྒྱ་མཚོ་དེ་ཉིད་ཀྱིས་བྱང་ཞབས་དྲུང་དུ་ཞུ་ངོ་མཛད་པར་བརྟེན་ཡུན་རིང་མ་འགྱངས་པར་གཞིས་སྟེང་དུ་ཕེབས་ཆོག་པ་བྱུང་འདུག་ཅིང༌། དེ་མཐུན་འདར་གླང་ཆེན་ན་སྐུ་ཞང་དྲིན་ཆེ་བ་ཞིག་ཡོད་འདུག་པ་དེས་ཀྱང་གྲོགས་ལྡན་མཛད་དེ་ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྤྱན་སྔ་འདྲེན་མཆོག་དཀོན་ཅོག་རྒྱ་མཚོའི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པར་གནང་བས་ངའི་བླ་མའི་མཚན་འདོགས་གསུངས། ལོ་ནས་སྤྱན་སྔ་ངག་དབང་ཆོས་གྲགས་ཞེས་དགུང་ལོ་དགུ་བཅུ་གོ་ལྔ་བཞེས་པའི་སྐྱེས་ཆེན་དམ་པ་དེའི་མཚན་སྒྲ་ཇི་བཞིན་ངག་དབང་ཆོས་གྲགས་ཞེས་འདོགས་པ་གནང་ཞིང་ཐུགས་ཀྱི་སྲས་སུ་མཛད་ནས་སྤྱན་སྔ་རྗེ་དེ་སྐུ་ནས་བགྲེས་པ་དང་སྤྱན་སྤྱབས་མི་བདེ་བའི་རྣམ་པར་ཡོད་པས་བར་ལམ་སོགས་སུ་མཇལ་ཀྱང་ཕ་ག་དེ་འདར་པ་འཚོ་བྱེད་ཀྱི་བུ་ཡིན་ནམ་གསུངས་མཉེས་མཉེས་གནང་བ་དང་ཡང་ཡང་སྐུ་གཞོགས་སུ་འབོད་པ་གནང༌། བཤོས་མཆོད་འཕྲོ། ཕྱེ་མར་གོང་བུ་སོགས་གནང་ནས་དེ་ལྷག་མ་ལུས་པར་ཟོ་གསུངས། ཕྱིས་དགོས་འདོད་འབྱུང་བའི་རྟེན་འབྲེལ་སྒྲིག་པར་མཛད་པ། སྤྱན་སྔ་རྗེ་དེ་ཉིད་ལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་ཆོས་ཁ་ཡར་གསན་ཅིང༌། རྟིང་སོར་ནས་ཀྱང་སྤྱན་སྔ་རྗེའི་སྐུ་བརྙན་ཕྱག་ནས་མ་ཞིག་འབྲལ་མེད་གནང་བ་སོགས་ཐོག་མར་རབ་ཏུ་བྱུང་བ་དང༌། དཀྱིལ་འཁོར་ཆེན་པོར་གསང་མིང་འདོགས་པ་གནང་བ་དང༌། འཕྲིན་ལས་མཁའ་