R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༤༥
[A:༣༤༥]གཉིས། བརྡ་དོན་གསལ་བའི་བྱིན་རླབས། འཁྲིད་ཡིག་གི་ལུང༌། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། རྡོ་རྗེའི་ཚིག་རྐང་གི་གཞུང་བཤད་ཤིན་ཏུ་སྨིན་པ། ལམ་ཟབ་བླ་མ་རིན་འབྱུང༌། གསང་བཅུའི་རྒྱས་བཏབ། མགོན་རྐྱང་གི་རྗེས་གནང་ཚུན་ཆ་ལག་ཡོངས་སུ་རྫོགས་པ་དང༌། བླ་མ་བརྒྱུད་པའི་རྣམ་ཐར་སོ་སོའི་ལུང༌། བླ་མ་རྒྱ་བོད་ཀྱི་ལོ་རྒྱུས་ངོ་མཚར་སྣང་བའི་ལུང༌། མངོན་རྟོགས་ལུས་དཀྱིལ། དབང་ཆུ་བྱ་བྲལ་མའི་ལུང་སོགས། གསུང་ངག་ལ་དགོས་པའི་ཆོས་ཚན་ཐམས་ཅད་གསན་ཅིང༌། གཤེད་དམར་ལྷ་ལྔའི་དབང༌། ཤིན་ཏུ་སྤྲོས་མེད་ཀྱི་འཁྲིད། དམག་ཟོར་རྒྱལ་མོའི་རྗེས་གནང༌། ཚེ་དབང་ལྷ་དགུ་མ་གྲུབ་རྒྱལ་ལུགས། གཞན་དབང་རྗེས་གནང་གི་རིགས་ཁ་ཤས། ལུང་གི་རིགས་ཁ་ཤས། ཡང་དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་བཤད་བཀའ་ཡང་སྨིན་རྒྱས་སུ་གསན་ཏེ། མདོར་ན་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་རྒྱུད་གསུམ་མན་ངག་དང་བཅས་པ་ཞེས། ས་བརྫུས་ཕལ་ཆེར་གྱི་སྤྱོད་ཡུལ་དུ་མ་གྱུར་པ་དེ་དམ་པ་དེའི་ཉམས་བཞེས་སུ་གྱུར་པས། ཀླུ་སྒྲུབ་རྗེ་དེ་ཡང་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་དོ། །དེའི་སྐབས་སུ་དམ་པ་དེ་ཉིད་ཀྱི་མནལ་ལམ་ལ་བསམ་འགྲུབ་དགོན་གསར་གྱི་ཐད་འདི་ལ་ཉི་མ་ཤིན་ཏུ་དྲོ་བ་ཞིག་ཤར་བ་བྱུང་འདུག་པ་ནི་ཕྱིས་འདྲེན་མཆོག་དམ་པ་དེས་བསམ་འགྲུབ་དགོན་གསར་འདི་ཞིང་ནམ་བརྗེའི་ལོ་གྲངས་སོ་དྲུག་གི་བར་ཞལ་འཛིན་མཛད་མུ་ནས་གསུང་ངག་སོགས་སྤྱི་སྒེར་གྱི་བསྟན་པ་འཕེལ་རྒྱས་སུ་འབྱུང་བའི་ལྟས་སུ་མངོན་ནོ། །གཞན་ཡང་དེའི་སྐབས་