R182: རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག

  • Pagination (Witness A): ༤༨༨
[A:༤༨༨]ཐོག་ཏུ་བབས་ཤིང་སྔར་ཁྱབ་བདག་ཞ་ལུ་པར་ལོ་ལྔ་བཞུགས་པའི་ཞལ་ལེན་གནང་བའང་ལྷག་དང་བཅས་གྲངས་ཐེངས་པའི་ཆུ་མོ་བྱའི་ལོའི་ཚེས་བཅུ་ཞིག་གི་སྐབས་གསུང་ཆོག་རྒྱས་པ་དང་གསོལ་ཇ་ཡང་བཟང་ཞིང་མང་བར་གནང༌། མཇལ་མི་བྱུང་ཚད་ཐོང་གསུངས་པའི་ཐུགས་གཙིགས་ཆེ་བ་འདྲ་ལ་ཆེད་དུ་ཞུས་པ་ལ་མ་ལྟོས་པར་བཀའ་བསྒོའི་བྱིན་རླབས་མཛད། བྱམས་པ་བསྟན་འཛིན་ལ་དེ་རིང་ཨྱོན་ཆེན་པོ་ཕེབས་པར་མཆོད་པ་བློ་ཁ་རྫོགས་པ་རང་བྱུང༌། སྲོད་ཐུན་གྱི་གོང་དུ་ད་ཁོ་བོ་ནི་རྒྱབ་འགྲོ་བ་ཡིན་སུ་ལའང་མ་ཟེར་གསུང་བར་སྐུ་མི་བདེ་བ་མེད་དམ་ཞུས་པས་དེ་འདྲ་མི་བདོག་ཕེབས་པ་ལ་བྱམས་པས་ཞབས་དྲུང་དབོན་རིན་པོ་ཆེར་རྒྱུ་མཚན་གསོལ་བ་ན་དེ་འཕྲལ་འབུལ་བ་བསྣམས་ཏེ་ཕེབས་ཚེ་དེ་སུ་ཡིན་གསུང་པར་བདག་ལགས་སྐུ་ལ་སྙུན་མེད་དམ་ཞུས་པས་གང་ཡང་མི་འདུག་བྱམས་པས་ཞུས་པ་འདྲ་གནང་བ་ལ་སྐུ་མི་བཞུགས་པའི་དགོངས་པ་བསྟད་ཡོད་འདུག་པས་དེ་ལྟར་གནང་ན་མི་ཡོང་ཚུལ་གྱི་གསོལ་འདེབས་སླར་ཡང་ནན་ཆེར་མཛད་རུང་དགོངས་པས་མ་བཞེངས་པར་ཅང་མི་གསུང་བར་མི་བཞུགས་པའི་ཚུལ་གསལ་བར་བྱུང་བ་ན་དེ་བས་ཀྱང་ནན་ཏན་བསྐྱེད་དེ་ཕུར་བཙུགས་སུ་གསོལ་བ་བཏབ་པས་ཞིང་བརྗེ་བར་མངོན་དུ་ཕྱོགས་པ་དེས་དེ་འདྲ་རང་གནང་ཅི་དགོས་ཐུགས་དང་བསྟུན་ནས་སྡོད་པ་ལགས་པས་ཐུགས་འཁྱོག་པ་མཛད་མི་དགོས་རང་གནས་སུ་སྤྱོན་གསུང༌། དེ་ལྟར་ཞལ་གྱིས་འཆེས་ནས་ལོ་རིལ་པོ་གསུམ་ལྷག་ཙམ་ཚེ་མཐའ་ཡས་པའི་ངོ་བོར་ཐུགས་བསྐྱེད་དེ་གདུལ་བྱའི་དཔལ་མགོན་དུ་བཞུགས། དགུང་ལོ་དང་སྐུ་གཅོང་གི་ཁྱད་ནས་ད་རང་ལམ་དུས་