[A:༣༩༩]འགྲོ། །སློང་བའི་ཐུགས་བསྐྱེད་སྐྱ་རེངས་མས་དྲངས་པའི། །སྐྱེས་རབས་ཉིན་བྱེད་འཛད་མེད་ཤར་འདི་མཚར། །འོད་གསལ་ལྷ་རིགས་འ་ཞའི་གདུང་གིས་མཐོ། །གངས་ཅན་བཙད་པོའི་ནང་བློན་སྙན་གྲགས་འབར། །ཤར་ཕྱོགས་གོང་མའི་ལུང་དང་ལས་ཀས་ཆེ། །མཁས་གྲུབ་རིམ་པར་བྱོན་ལས་བསྟན་སྲོག་བཟུང༌། །དབྱིག་འཛིན་དངས་མཚོར་རྣམ་པར་རྒྱལ་བྱེད་གཟུགས། །གསལ་ལ་ཉེར་འཁུ་བཀྲ་ཤིས་རྒྱལ་ཁང་དུ། །རིགས་བཟང་མ་སྙིགས་གསར་པའི་སྤེལ་ལེགས་སྐུ། །མེ་ཏོག་མཚན་དཔེའི་འདབ་བརྒྱ་མངོན་པར་གྲོལ། །དུས་ཀྱི་དགྲ་བོ་འཇམ་མགོན་ཚར་པ་རྗེས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །འཇིགས་མཛད་རྡོ་རྗེའི་འཁོར་ལོར་རབ་སྨིན་ཚེ། །མཐའ་ཀླས་སྐལ་བཟང་སྒོ་བརྒྱ་དང་པོར་ཕྱེ། །མཁྱེན་རབ་ཟུར་ཕུད་ལྔ་ལྡན་དང་མཚུངས་པས། །མཁྱེན་བརྩེ་ནུས་པའི་དབང་ཕྱུག་བླ་མ་ཡིས། །མཁྱེན་ཡངས་ཀློང་ནས་ཐོན་པའི་བདེན་པའི་ཚིག །མཁྱེན་ལྡན་ཡོངས་ཀྱི་རྣ་བའི་རྒྱན་དུ་དངར། །དགུང་ལོ་གཉིས་བཞེས་པའི་ཚེ་མགོན་ལུག་མང་པོར་ནད་བྱུང་བར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱི་ལྗགས་ཆུའི་བྱིན་རླབས་དང་གཞན་གྱིས་ཐབས་སྣ་ཚོགས་བྱས་ཀྱང་མ་ཕན་པར་གཞོན་ནུ་སྐུ་རྫིའི་རྒྱབ་ལ་གདན་དྲངས་ཏེ་ལུག་རྣམས་ལ་ཕྱག་ནས་གཏོར་བས་ནད་མཚམས་མྱུར་དུ་ཞི་བ་ན་ང་ལས་དབོན་པོ་བྱིན་རླབས་ཆེ་བ་འདུག་ཅེས་གསུང་པ་ནི་སྤྱན་སྔ་རིན་པོ་ཆེས་རྒྱལ་བ་ཐོག་རྡུགས་པའི་སྐུ་པང་དུ་ཐོག་ཕབ་པའི་ལོ་རྒྱུས་ལྟར་ཆེ་བ་འདོན་པ་ལ་དགོངས་པ་འདྲ། དགུང་ལོ་ལྔ་ཙམ་འགྲོ་བའི་དུས་ཀུན་