R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༤༤
[A:༤༤]ཐུགས་བྲེལ་ཆེ་བཞག་ཆུང་བཤོལ་གྱི་སྒོ་ནས་རྭ་པོད་ཀྱི་ལྗགས་ལུང་སོགས་ཐུགས་གསོ་ཐབས་ཅི་ཡང་གནང་གསུང༌། དཔོན་སློབ་གཉིས་ཚོམས་ཆེན་གྱི་ཉི་མཐོང་ལ་གསོལ་ཚིགས་སྐབས་མེ་ཏོག་གི་ཆར་ཁ་བ་ལྟ་བུ་བབས་པ་གཟིགས། ཚུར་ལམ་ངོར་དུ་ཕེབས་པ་དང་ཤར་ཆེན་ཤེས་འབྱུང་པས་སྒྲུབ་ཁང་དུ་ཕུར་ཁང་ཞལ་འབྱེད་མཛད་པ་དང་འགྲིག་བྱིན་རླབས་གདུང་སྐལ་ཞུ་བ་དང་ཕུར་ཚ་འདེབས་པའི་ཕྱག་ཕྱི་མཛད་ངོས་རང་གི་བསྟི་གནས་སུ་ཕེབས། ལྕགས་ལུག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ལུང་བསྟན་གནང་བ་ཐོག་ཏུ་བབས་པ་ལྟར། མེ་བྱིའི་སྟོན་རྣམ་ཐར་སྙིམ་པའི་མེ་ཏོག་ལས། ཡོན་ཏན་ཅན་གྱི་མི་བྱུང་ན་ཞིང་དཀྱིལ་གྱི་ཕ་བོང་ལྟར་མཇའ་ཕྱོགས་བཞི་ནས་བཙུགས་ནས་འདོན་ཞེས་པའི་དོན་བཞིན་ལོ་འདིའི་སྟོད་ཞ་ལུའི་གྲྭ་པ་མི་སྲུན་པ་འགའ་ཞིག་གིས་རང་བསྟན་སེང་གེའི་ཁོག་པ་འཇིག་པ་ལ་དཔའ་བའི་ཐེལ་བསྡུས་སོགས་འཚུབ་ལྷོངས་སྣ་ཚོགས་ཀྱིས་ཐུགས་སུན་དབྱུང་བར་སྒྲུབ་ཁང་དུ་རིན་པོ་ཆེར་བསླབ་སྟོན་ཞུ་བ་མཛད་པར་ཐལ་མོ་ཡ་གཅིག་ལ་སྒྲ་མི་འབྱུང་བས་ཚུར་ཕེབས་སྒོ་མ་བྱུང་བར་སྡེ་སྲིད་ལ་ཞུ་སྔ་མ་མཛད་གསུང་བ་བཞིན་རེ་ཞིག་རིན་ལྡིང་པ་སོགས་གྲ་རིས་དང་ཁང་དམར་ནས་ཀྱིས་གཙོས་པའི་སྐུ་ཉེ་རྣམས་ལ་བརྟེན་ཕལ་ཆེར་སེ་རག་སྒྲུབ་སྡེར་བཞུགས་པའི་འབྲུག་པ་སྤྲུལ་པའི་སྐུའི་མགྲོན་གཉེར་ཁང་དམར་རྗེ་དྲུང་མཁྱེན་བརྩེས་སྐར་རྩིས་ཀྱི་རི་མོ་ཕུལ། མེ་གླང་འབྲུམ་ཐག་ཆོད་ནས་གཞིས་ཀ་རྩེར་འབོད་མི་བཀའ་ཤོག་གནང་བ་བཞིན་བྱོན། མི་སྣར་བདེ་འབྱོར་བྱང་པ་ཡོངས་པའི་ལྟེ་བོ་རྣམས་གན་དུང་གིས་གནས་ནས་དབྱུང་གནང་སྦྱིན་བཟང་པོ་དང་བཅས་ཚོགས་སུ་བཀའ་ཁྲིམས་