R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༩༠
[A:༩༠]དམར་འཇམ་ལེགས་པ་མི་ཚད་ཙམ། བླ་བྲེ་ཤམ་ལྡན། རྔ་བོ་ཆེ་ཐོག་ཚད། གསོལ་ཅོག་རྣམས་རེ། གོས་སྙེལ་གཉིས། སྦ་ལྟིར། རྩིད་ཕྱིང་གྲུ་བཞི་གསུམ། གོས་གདན་ཁ་གང་མ། བཞུགས་འདིང༌། འཇག་གདན་རིང་བ་ཆ་བཞི། གར་དཔོན་ལ་གོས་གདན་ཁ་གང་བཞི་རྣམས་དང༌། བླ་བྲང་གཉེར་ཚང་དུ་རྩམ་ཁལ་བརྒྱད་ཅུ། ཚྭ་ཁལ་བཞི་བཅུ། ནས་ཁལ་སྟོང་ཚོ་གཅིག །ལུག་ཁོག་བརྒྱ། ཚག་བུབས་བཞི། མར་ཁལ་བཞི་བཅུ། འབྲས་ཁལ་དྲུག །སྣུམ་མཁུར་ཁལ་བཞི། ཕྱུར་བ་ཁལ་ཕྱེད་གཉིས་སོགས་སྤྲོད་འཕར་རྒྱ་ཆེར་གནང༌། ལྕགས་ཕག་ཟླ་བ་དང་པོར་རྗེ་བླ་མའི་ཞབས་ཕྱིར་ཞ་ལུའི་ཆེན་སློབ་སོགས་སློབ་དཔོན་ཉི་ཤུ་སྐོར་གྱིས་ཚེས་བཅུ་གཉིས་ཀྱི་ཉིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞེད་སྲོལ་གྱི་ཚེ་ཆོག་ལ་བརྟེན་ནས་མཎྜལ་གྱི་ཚན་གྲངས་བཟབས་རྒྱས་དང་བཅས་ངེད་དང་སྡེ་པ་ཐུན་མོང་དུ་རིང་འཚོའི་རྟེན་འབྱུང་མཛད། མཁན་རིན་པོ་ཆེའི་ཞབས་ཕྱི་བསྒུགས་སྡོད་ཆེན་སློབ་གྲ་རིགས་རྣམས་ཀྱིས་ཞོལ་དུ་ཚེ་ཆོག་བཙུགས། ངེད་ཀྱི་རྗེ་བླ་མའི་དྲུང་དུ་ས་སྐྱ་བཀའ་འབུམ། སེམས་དཔའ་ཆེན་པོས་བསྒྲིགས་པའི་བློ་སྦྱོང་བེའུ་བུམ། སྒྲུབ་ཐབས་བརྒྱ་རྩ། བདེ་མཆོག་ལྔའི་དབང༌། རྭ་རྩེ་སེམས་འཛིན། གཏུམ་མོ་ཞག་བདུན་མའི་འཁྲིད་སོགས་ཟབ་ཆོས་མང་དུ་ཞུས། ཁྱབ་བདག་བླ་མར་པཎ་ཆེན་ནགས་རིན་ནས་བརྒྱུད་པའི་ཚེ་དབང་ཁྱད་འཕགས་ཕུལ་ཞིང་ཆེན་སློབ་ཚོར་རིང་འཚོའི་རྟེན་འབྱུང་གི་ལུང་བཀླགས། ཞ་ལུ་སྐུ་ཞང་ལ་མཁན་པོའི་བསྐོ་འཇའ་ཕྱག་ཐམ་སོགས་སྡེ་པས་མཛད། རྗེ་བླ་མར་བདོག་པ་