[A:༢༡༩]དར་བཟང་བ་ཡུག་ཁ་ཤས། གོས་ནག་གི་འཆམ་གོས་ལེགས་པ་ཆ། འཁར་རྔ་ཆེ་ལེགས་ཤིན་ཏུ་བཟང་བ། བྱེ་རུའི་ལག་སྐོར་ཆེ་ལེགས་ཆ། དབང་གི་སོག་ཁྲབ། སག་ཐག་དངུལ་ཤན་མ་ཆ་ཚང༌། ན་བཟའ་སྐུ་གཟན། ཕྱག་ཤན་སོགས་དཔངས་མཐོ་བ། རྩེ་གདོང་ཞབས་དྲུང་སྐུ་མཆེད་ལ་གོས་དར་ཡུག །བྱེ་རུའི་ལག་སྐོར། ཁྲབ། གྲི་སོགས་དགུ་ཚན་བཟང་བ་རེ། ཞྭ་ལུ་མཁན་རིན་པོ་ཆེར་གོས་ཆེན་གྱི་གསོལ་བཙག །བྱེ་རུའི་ལག་སྐོར་རྡོག་ཆེ་ལེགས་བཅོ་བརྒྱད། གོས་དར། རྒྱ་ཟམ་སོགས་ཀྱི་འབུལ་བ། དགའ་ལྡན་ཁྲི་རིན་པོ་ཆེ། སྟག་ལུང་ཞབས་དྲུང་རྩེ་ཟུར་གཉིས། འབྲི་གུང་ཞབས་དྲུང༌། འབྲུག་པ་ཐམས་ཅད་མཁྱེན་པ། རྡོ་རྗེ་བྲག་སྤྲུལ་སྐུ། སྨིན་གྲོལ་གླིང་གཏེར་སྟོན་རིན་པོ་ཆེ། སྡེ་ཆེན་ཆོས་འཁོར་དང་སྡིངས་པོ་ཆེ་གཉིས་བཅས་རྣམས་ལ་གོས་དར། བྱེ་རུ། སྤོས་ཤེལ། ཇ། རྟ། མཛོ། མཛོ་མོ། སྣམ་རས་སོགས་སོ་སོར་བྱང་རྟེན་གྱི་འབུལ་བ་དང༌། རྗེ་དྲུང་རིན་པོ་ཆེ་དང༌། ཕ་བོང་ཁ། སེར་འབྲས་ཀྱི་བླ་ཁག་ཚང་མར་བསྔོ་ཞུས་ཀྱི་ཚན་གྲངས་དང༌། སྐུ་ཞབས་གྲྭ་ཚང་དུ་མང་ཇ། ཇོ་ཤཱཀ་སོགས་ལྷ་ས། ར་མོ་ཆེ། པོ་ཏ་ལ་རྣམས་ཀྱི་ལྷ་ཁང་སོ་སོར། སྙན་ཤལ། དཀར་མེ། ས་སྐྱའི་ལྷ་ཁང་ཆེན་མོའི་དབུས་ལྷ་ཁང་རྣམས་དང༌། ཁའུ། བྱས་འགྱུར། ཞྭ་ལུ། རི་སྦུབ། ངོར། ཐུབ་བསྟན། གསེར་མདོག་ཅན། རྩེ་གདོང་ཆོས་སྡེ། སྐྱེད་ཚལ་གོང་འོག །ཁོ་པེ། གསང་ཕུ། གོང་དཀར་ཆོས་སྡེ། དྭགས་པོ་གྲྭ་ཚང༌། ར་བ་སྨད། རྡོ་ཕུད་ཆོས་འཁོར། གྲྭ་ཐང༌། བསམ་ཡས་རབ་བྱུང་གྲྭ་ཚང་དང༌། མཆིམས་ཕུ། འཕན་ཡུལ་གྱི་དགོན་ཆེ་ཕྲ་ཚང་མ།