[A:༢༢༤]ཡས་ཕྱིན་གྱི་མཇར་ཁར་ཕྱིན། ཤིན་ཏུ་དགྱེས་པས་ཆོས་ར་སོགས་ཀྱི་དྲི་བ་ཞིབ་ཏུ་བཀའ་དྲིན་བསྐྱངས། གནང་སྦྱིན་དཔངས་མཐོ་བ་སྩལ། ལོ་མཇུག་གདན་ས་ནས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཕོ་བྲང་དུ་མཇལ་ཁར་ཕེབ་སྐབས། ངེད་རང་ལྷ་སར་རྒྱང་ཙམ་བསྡད། གོང་ས་ཡས་ཕྱིན་གྱིས་མཇལ་ཁ་དང༌། མཁན་རིན་པོ་ཆེ་པོ་ཏ་ལར་བཞུགས་པར་ཉིན་རེ་བཞིན་མཇལ་བར་ཕྱིན། ཚེ་དབང་བརྒྱ་རྩ་སྩལ་ཞིང༌། ཞབས་དྲུང་ཡབ་སྲས་གཡུལ་ཁ་ལྷོར་བཞུགས་པར་གོས་དར། གསེར་དངུལ། ཚེམས་གྲུབ་ཀྱི་བླ་བྲེས། ཇ། རྟ། མཛོ། གཡག་སོགས་མཇལ་རྟེན་དཔངས་མཐོ་བ་དང་བཅས་ཕྱིན་པས་ཐུགས་ཤིན་ཏུ་དགྱེས་པས་ཆོས་ཕྱོགས་དང་ཟུང་དུ་འབྲེལ་བའི་བསླབ་སྟོན་མང་དུ་སྩལ། རྒྱུན་དུ་མཇལ་བར་ཕྱིན་ཞིང་ཚེ་དབང་ལྕགས་སྡོང་མ་ཁ་ཤས་དང༌། གུར་ལྷ་བརྒྱད་ཀྱི་རྗེ་གནང་རྒྱས་པར་སྩལ། གནང་སྦྱིན་གྱ་ནོམ་པ་དང༌། ཆོས་སྡེར་མང་ཇ། དམ་རྫས་ཀྱི་འགྱེད་བཅས་གནང་སྟེ་ཆོས་གྲྭ་ཆེན་པོར་འབྱོར། རབ་བྱུང༌། བསྙེན་རྫོགས། དུས་དྲན་མཆོད་པ་སོགས་སྔར་རྒྱུན་ལྟར་བསྒྲུབས། འདི་སྐབས་མཁན་ཆེན་རྡོ་རྗེ་འཆང་དཔལ་གྲོར་བཞུགས་པར་མཆེད་གྲོངས་པས་བརྒྱུད་སྤེལ་ལ་གཞན་མེད་ཅིང༌། འདི་རིགས་སུན་པ་ལས་མི་འདུག་པས་བརྒྱུད་འཛིན་མ་བྱས་ན་ཇི་ལྟར་གྱི་མཛོད་པ་བསླབ་སྟོན་ཞུ་བར་བཏང་བས། ཐུགས་འདོད་ལྟར་དཔོན་དེ་རབ་བྱུང་རང་ལ་འཇོག་དགོས་པ་ཨེ་ཡིན་བསླབ་སྟོན་གནང་བར་མཛོད་པ་ལྷུན་གྲུབ་ཀྱིས་ཕན་ཚུན་གཉིས་ཀར་བསླབ་སྟོན་འདི་རིགས་གནང་ན་གྲྭ་རིགས་དང་བསྟན་པ་ལ་འཕྲལ་ཕུག་གཉིས་ཀར་མེད་པ་ཞིག་འོང་འདུག་པས། གོང་ས་ཆེན་པོར་བསླབ་སྟོན་ཞུ་བ་གནང་ནས་གདུང་