R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༢༥
[A:༢༢༥]འཛིན་རང་གནང་བ་འགབ་ཚུལ་ཕ་གིར་བསླབ་སྟོན་བཀའ་དྲིན་བསྐྱངས་དགོས་ཚུལ་ནན་གྱིས་ཞུས་པར། མཁན་ཆེན་རྡོ་རྗེ་འཆང་གིས་བསླབ་སྟོན་ཞུ་བ་གནང་འདུག་པར། བསླབ་སྟོན་ལ་བརྒྱུད་འཛིན་གཞག་པ་གཏན་ནས་མི་འགབ་ཅིང༌། ཁ་སེང་འདི་ཁར་འཕྲད་པར་འོང་སྐབས་ཀྱི་དབོན་དེས་བསླབ་པ་ཕུལ་ནས་བརྒྱུད་འཛིན་བྱས་ན་བསྟན་པ་ལ་ཕན་པ་རེ་གཉིས་མི་འབྱུང་བའི་ངེས་པ་མི་འདུག །དེ་ལུགས་འགབ་གནང་འདུག་པ་བཞིན། དཔལ་གྲོ་ནས་ཀྱང་བསླབ་སྟོན་ཞིབ་ཏུ་རྩལ་བ་བཀའ་མ་ཆོགས་པར། ཟླ་བོ་རྣམས་ལ་ལབས་ཏེ་ལོ་ཕྱི་མའི་ནང་བརྒྱུད་འཛིན་གྱི་ཐག་བཅད། མཛོད་པས་ཞུ་ལུགས་ངེད་རང་གི་བསམ་པ་དང་མི་མཐུན་ཙམ་བྱུང་འདུག་ཀྱང༌། ཕྱིས་སུ་བསླབ་སྟོན་ལྟར་བསྟན་པ་ལ་ཕན་པ་བྱུང་འདུག་བསམ། ཤིང་ཡོས་ལོར་ལོ་གསར་དང༌། བདེ་མཚམས་ཤིག་བྱས། གདན་ས་འོག་ནས་ཁྲི་ཆེན་ཕོ་བྲང་དུ་མཇལ་ཁ་གནང་ནས་གནས་ཀྱི་དབང་པོར་ཕེབ་པར་ཆིབས་བསུ་སོགས་སྔར་རྒྱུན་ལྟར་དང༌། རྒྱང་ཙམ་བཞུགས་གདན་འཇགས་བར་གཞིས་ལེན་སོགས་གང་ཅིའི་ཞབས་ཕྱི་ཞུས། རྫོང་ཤར་གྱི་གཙང་ཁང་འདུ་ཁང་དུ་མཆོད་ཆ་རྣམས་སྒྲུབ་སྡེ་དབོན་པོར་གནང་གྲུབ་འདུག་ཅིང༌། བླ་བྲང་ཞོལ་བཅས་ཁང་སྟོང་དུ་སོང་གཤིས་འཇིག་ལ་ཁད་འདུག་པ་གཟིམས་ཁང་དུ་ཡོད་པ་ཡ་གིར་ཐུགས་བེད་ཆོད་པ་ཞིག་མི་འོང་འདུག་པས་བདག་ཚོར་བཀའ་དྲིན་བསྐྱངས་ན་ཇི་ལྟར་ལགས་ཞེས་ཁྲི་ཆེན་སྐུ་ཞབས་སུ་ཞུས་པར། དེ་ཁ་འོང་དོགས་ཁའང༌། དེང་སང་ཁུར་བཞེས་ཀྱི་སྟོབས་ཡུམ་སྲས་ལ་བསྡུར་གཞིག་བྱས་ནས་ལན་བྱེད་ཕེབ་ཅིང༌། གཙང་དུ་ཕེབ་འཕྲལ་བཀའ་ཤོག་བཅས་བླ་བྲང་ངེད་རང་