R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༣༧
[A:༢༣༧]ཁར་སྣེ་སྦྱོར་བཅས་རྫོང་བདའ་བྱས། འཁོར་བསྟུན་དབང་ལུང༌། རྗེས་གནང༌། རབ་བྱུང༌། བསྙེན་རྫོགས་སོགས་འདོད་སྦྱར་དང༌། དགུན་ལམ་འབྲས་ཀྱི་ཆོས་ར་རྒྱས་པ་དང༌། དུས་དྲན་མཆོད་པ་སོགས་སྔར་རྒྱུན་ལྟར་བསྒྲུབས་འདི་ལོ་སྔ་སོར་བྱོན་དུས་ངེད་རང་ཚོ་གྲོས་བྱས་ཏེ་ངེད་རང་གི་འབུལ་སྡུད་བཞག་ནས། སྤྱི་ཆེན་ལ་ཇ་ཚུལ་ཞིག་ཚུགས་ན་ལེགས་པ་འོང་ཚུལ་ཞུས་དོན་བཞིན་མཁྱེན་བསླབ་མཐར་སོན་བླ་མ་བསོད་ནམས་ཀྱིས་ཇ་ཚུལ་གྱི་ཐེབས་སུ་ཇ་མར་ཕོན་ཆེ་བ་བཅས་འབུལ་བར་མཛད་ཅིང༌། ངེད་རང་བླ་ཁག་ལས་ཚན་དང་ཡོན་བདག་ཉིད་བཅས་བགྲོས་ཏེ་གཉེར་པར་ཚུལ་ཁང་པ་བསོད་ནམས་གཟུངས་དང༌། ལག་གཡོག་བཅས་བསྐོས་ཐོག །འདི་ཁ་ནས་མཆོད་ཆ། དཀར་ཆས། གདན། ཐབ་ཆས་སོགས། ཞིང་སོགས་རྒྱས་པར་སྤྲད་དེ་ཇི་སྲིད་བསྟན་པ་ནམ་གནས་པ་ཚུགས་པར་ཞིག་འོང་རེས། དེ་ཐོག་ནས་ཚོང་པ་རུ་བ་བཅས་སྒོར་ནམས་གྲ་སྒྲིགས་ཤོག་ཆེ་བར་བྱས་ཤིང༌། རིམ་གྱིས་འབུལ་སྐྱེལ་ཡང་ཡང་བྱུང་སོང་བ་བཅས་ལོ་བཅུ་སྐོར་བསམ་པ་བཞིན་བྱུང་སོང་ཀྱང༌། དེ་རྗེས་ཕྱོགས་སྒེར་མ་ནས་མདོར་བསྟན་ཞིང༌། ལྷག་ཏུ་ལས་བྱེད་ཀྱི་སྤྱི་སེམས་ཆུང་བར་བརྟེན་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པས་གྲྭ་པ་རྣམས་སྔར་གསར་སོགས་ཀྱི་ཐུགས་སོན་མི་དགོས་པར་གཟིམས་མལ་དུ་བག་ཕབ་སྟེ་བཞུགས་ཆོག་པར་འདུག་གོ །དེ་བསྟུན་ཀུན་མཁྱེན་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་གྱི་དུས་ཇ་ཆད་པ་སེམས་ཀྱིས་མ་བཟོད་པར་གསེར་པ་བླ་མ་དབུ་མཛད་ལ་འཕྲོས་བྱས་པར་ཁོང་པས་མར་ཕོན་ཆེ་བ་དང༌། ཇ་སོགས་རྒྱས་པར་སྤྲད་ནས་རིམ་གྱིས་གཉེར་པ་བསྐོ་བ་དང་འབུལ་སྡུད་རྫོང་བ་སོགས་ཀྱི་བཀོད་པ་བྱས་པས་