R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༤༧
[A:༢༤༧]པོས་ཡེར་ཁིན་མི་ཁྱིམ་འབུམ་ཕྲག་བཅུ་བདུན་ཡོད་པ་ཞིག་གཞུངས་ཆེན་པོར་ཕུལ་བའི་ལེགས་འབུལ་དུ་ཕྱིན། ཡས་ཕྱིན་དུ་མཇལ་ཁ་ཞུས་སྐབས་དཀའ་འདྲི་ཞིབ་ཏུ་གནང་ཞིང་ཟུར་ཆས་དང་གནང་སྦྱིན་སྩལ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་སྒྲུབ་ཐབས་བརྒྱ་རྩ་གསན་པར་ཕེབ་པའི་བསླབ་སྟོན་ཕེབ། འདི་སྐབས་རྫོགས་པའི་སངས་རྒྱས་རྣམས་ངེས་དོན་མི་ཤིགས་རྡོ་རྗེའི་སྐུ་བརྙེས་ཤིང་ཞབས་པད་ཡུན་རིང་དུ་བརྟན་པ་ཞིག་འོང་བ་གཞིར་བཅས་ཀྱང༌། དྲང་དོན་དུ་སྙིགས་མའི་སེམས་ཅན་སྐལ་བ་དམན་ཤིང་སྐུ་ན་ཡར་ལ་ཕེབ་པ་དང་ཇི་ལྟར་འོང་བསམ་བློ་ཅུང་ཞིག་འཛངས་ཏེ། ཞབས་པད་ཡུན་རིང་དུ་བརྟན་ཕྱིར་ཞབས་བརྟན་ཞིག་བཀའ་དྲིན་ཆེ་ངེས། ཕྲན་བུ་རྣམས་མཁོས་ཆུང་བས་ཉི་འོག་གི་གྲུབ་མཐའ་རིས་སུ་མ་ཆད་པ་རྣམས་ལ་འཛུགས་པ་གནང་དགོས་ཚུལ་ངོས་ཀྱིས་དགེ་སློང་རིན་པོ་ཆེ་བརྒྱུད་སྙན་ལྷོན་ཞུས་ཤིང༌། བྱ་ལོ་གསར་འཕྲལ་མགྲོན་གཉེར་རིན་ཆེན་ཞབས་བསྐུལ་དང༌། ཞུ་རྟེན་རྟ་སོགས་དཔངས་མཐོ་བ་ཞུ་ཡིག་བཅས་རྫོང་བདའ་ཞུས་པར། བྱ་ལོ་ཟླ་བ་དང་པོའི་ནང་དུ་ཐུགས་དགྱེས་པ་ཆེན་པོས་མཁྱེན་བརྩེ་ནུས་མངའ་མར་གྲགས་པའི་ཁྱད་པར་དུ་འཕགས་པ་བཀའ་རྩོམ་བཀའ་དྲིན་བསྐྱངས་ཤིང༌། དབུས་གཙང་གི་གྲ་ས་སོ་སོར་འཛུགས་པའི་བསླབ་སྟོན་དང་མང་ཇ་བཅས་ལྕགས་བྱ་ཟླ་བ་དང་པོའི་ནང་དུ་འཛུགས་པ་གནང་སོང་ཞིང༌། འགྲོ་མིར་གནང་སྦྱིན་གྱ་ནོམ་པ་དང༌། ཕྲན་བུར་ཡང་བཀའ་ཤོག་གནང་རྟེན་བཅས་སྩལ། ངེད་རང་ཕོ་བྲང་ནས་འཁོར་འཕྲལ་དགའ་ལྡན་ནས་རྒྱལ་ཚབ་དམ་པ་ཁྲི་རིན་པོ་ཆེ་ཕེབ་པར་ཆིབས་བསུ་སོགས་རྒྱས་པར་ཞུས། ཞག་ཉི་ཤུ་ལྷག་ཙམ་བཞུགས་གདན་འཇགས་པར་སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། རྒྱ་གཞུང་སོ་སོའི་ལུང་སོགས་ཐུགས་བཞེད་ཀྱི་ཆོས་མང་ཙམ་ཕུལ། གསེར་དངུལ། གོས་དར་སོགས་