R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༦༢
[A:༢༦༢]མང་ཇའི་ཐོག་སྐྱེས་མའི་ཚུལ་དུ། བླ་ཁག་ལས་ཚན་རྣམས་དང་ཚོགས་སུ་སྤྱི་འབུལ་བྱས། དེ་ནས་བཟུང་ཞག་ཁ་ཅིག་གི་རིང་བླ་བྲང་ཁག་དང་ཁམས་ཚན་སོ་སོས་ཇ་ལ་བོས། ལེགས་བྱའི་སྟེར་སྦྱིན་རྒྱས་པར་བྱས། དེ་ནས་ཆོས་གཞིས་མཁར་གདོང་སོགས་སུ་ཕྱིན། གཡོག་རིགས་རྣམས་དང་ཡོན་བདག་སོ་སོས་འཕྲད་པར་བྱུང་སྟེ་སྟེར་སྦྱིན་རྒྱས་པར་བྱུང༌། དེ་ནས་སྒོམ་ཁང་སོགས་དགོན་ཁག་རྣམས་ལ་ཕྱིན། གྲྭ་རིགས་ཡོན་བདག་ཚང་མས་དད་གུས་ཀྱི་མཆི་མ་འཁྲུག་བཞིན་པ་དང་བཅས་སྟེར་སྦྱིན་སོགས་ལེགས་པ་བྱུང༌། ཆོས་འབྲེལ། མང་ཇ། སྔགས་མདུད། བྱིན་རྟེན་སོགས་ཚིམ་པར་བྱས། རྒྱུན་གྱི་དབང་པོར་འབྱོར། ཉག་རེའི་འབུལ་སྐྱེལ་བ་དང༌། འགྲུལ་བ་ཕྱིར་ལོག་མི་རྣམས་ལ་རབ་བྱུང༌། བསྙེན་རྫོགས། སོ་སོར་འདོད་ཆོས་སོགས་ལུགས་གཉིས་ཀྱི་བདག་རྐྱེན་བཅས་ཕྱིར་རྫོང་བྱས། འདི་སྐབས་ལྕགས་ཟམ་ནས་ཞབས་དྲུང་རིན་པོ་ཆེ་ཕེབས་པ་སྟབས་འགྲོས་སུ་སོང་བས་སེར་ཕྲེང་སོགས་གྲྭ་མ་འགྲིགས་ཀྱང་ཕེབ་བསུ་སོགས་གང་ལེགས་ཞུས་ནས། འདི་ཁའི་དབོན་དང་ལྷན་དུ་མགོན་པོ་བྲག་རྫོང་མའི་ཁྲིད་འཇམ་དབྱངས་མཁྱེན་བརྩེའི་ཡི་གེ་བཞིན་སྨིན་རྒྱས་སུ་ཕུལ་ཞིང༌། ཚུར་ཡང་གྲུབ་ཐོབ་ཆེན་པོའི་ཚེ་དབང་སོགས་སྩལ་ཏེ་ལུགས་གཉིས་ཀྱིས་མཉེས་པར་བྱས་ནས་ཕར་ཕེབ། ལོ་མཇུག་རིམ་གྲོ་སོགས་སྔ་རྒྱུན་ལྟར་བསྒྲུབས། ༈ ཆུ་ཁྱི་ལོར་གསལ་ཚེས་ཀྱི་ལོག་གསར་གྲུབ་ནས་ཚེ་སྒྲུབ་ཅིག་ལ་བསྡད། གྲོལ་འཕྲལ་ཉན་པོ་ནས་འོང་དགོས་ཚུལ་གནང་བ་བཞིན་ཕྱིན། མདོག་སྟོན་བརྩེ་ཆེན་ཀུན་དགའ་བཀྲ་ཤིས་ཁུ་དབོན་དང་མཇལ། ཚེ་དབང་དང་རྗེས་གནང་ཁ་ཤས་ཕུལ། མཆོད་མཇལ་རྒྱས་པར་ཞུས་ཤིང༌། སྟོན་མོ་གནང་སྦྱིན་དཔངས་མཐོ་བ་སྩལ། དུག་གི་ནད་རོས་འཚེ་བ་རྒྱུན་རིང་ཙམ་བྱུང་བར་སྨན་དཔྱད་