R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༧༢
[A:༢༧༢]བྱས། ངེད་ཀྱིས་ཚེ་དབང༌། རྟ་མགྲིན། རི་ཁྲོད་མ་སོགས་ཀྱི་ཁྲོམ་དབང༌། བྱང་ཞུ། མ་ཎིའི་ལུང་སོགས་དང༌། དྲག་གྲས་ཁ་ཤས་ལ་གུར་དྲག་དང༌། མགོན་པོའི་རྗེས་གནང༌། འཕོ་ལུང་སོགས་བྱས། གོས་དར། སྣམ་བུ། རས་ཕོག་ཆེ་བ་དང༌། ཁྲབ། མེ་མདའ། རྟ་ནོར་ཉིས་བརྒྱ་ལྷག་ཙམ་བྱུང༌། ངེད་རང་གིས་ཀྱང་དམིགས་ཡུལ་རྣམས་ཀྱིས་ཐོག་དྲངས་རྒྱ་ཆེ་བ་སེམས་ཅན་གྱི་དོན་དང༌། ཟབ་པ་ཆོས་ཀྱི་དབྱིངས་སུ་བསྔོ་སྨོན་གང་རྒྱས་བྱས་ཤིང་ལུགས་གཉིས་ཀྱི་བདག་རྐྱེན་གང་ལེགས་བྱས། ཨོ་ཐོག་གི་དཔོན་ཕུན་ཚོགས་དང༌། ཚ་བ་བླ་མ་བསོད་ནམས་ལྷུན་གྲུབ་ཀྱིས་བསུ་མི་འབྱོར། སྡེ་ཐོག་ཏུ་ཕྱིན་སྐབས་སེར་འབྲས་ཀྱི་དགེ་སློང་རྣམས་ཀྱིས་གཙོས་སེར་སྐྱ་ལྔ་བཅུ་སྐོར་གྱིས་རྟ་བསུ་བྱུང་བ་དང་ལྷན་དུ་སྡེར་འབྱོར་ཐོག །མར་ཐུད་སོགས་བཞིས་ལེན་ཤིན་ཏུ་རྒྱས་པར་ཞུས། དགེ་སློང་རྣམས་དང་དཔོན་ཁག་རྣམས་ལ་རྟ་མགྲིན་དང༌། མགོན་པོའི་རྗེས་གནང༌། ཚེ་དབང༌། སྤྱན་རས་གཟིགས་ཀྱི་རྗེས་གནང༌། མ་ཎིའི་ལུང་སོགས་གང་ལ་གང་འཚམས་བྱས། རྟ། མཛོ། མཛོ་མོ། འབྲི་གཡག་བདུན་ཅུ་སྐོར་བྱུང་བ་བསྔོ་སྨོན་གྱི་རྒྱས་འདེབས་དཔྱིས་ཕྱིན་པར་བྱས་ཏེ་བདག་རྐྱེན་ལེགས་པར་སྤྲད། དེ་དགོང་སྒར་ཚ་བ་བླ་མ་བསོད་ནམས་ལྷུན་གྲུབ་ཡོད་པའི་སར་སླེབ། ཕྱི་ཉིན་གཞིས་ལེན་དང་མར། ཕྱིང་པ། རྟ། མཛོ། མཛོ་མོ། འབྲི་གཡག་སོགས་མང་བར་བྱུང༌། དེ་སྐོར་ཡོན་བདག་རྣམས་ཀྱིས་རྟ་ནོར་གྱི་སྟེར་སྦྱིན་བྱུང་ཞིང༌། ཚེ་དབང་དང༌། དགེ་བ་རྣམས་རྫོགས་བྱང་དུ་བསྔོས། བར་རིངས་ནས་ཨེམ་ཆི་ཕྲིན་ལས་བཟང་པོ་ཡོན་མཆོད་ཀྱིས་བསུ་མི་བཏང་བའི་རུ་སྡེར་སླེབས། སྟོན་མོ་གཟབས་རྒྱས་ཞུས། ཚེ་དབང་དང༌། རི་ཁྲོད་མ་སོགས་ཁྲོམ་དབང་དུ་བྱས། གོས་དར། རྟ་ནོར་སུམ་ཅུ་སྐོར་