R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༨༢
[A:༢༨༢] འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་ཤོག་ཕྱག་མཛོད་རང་གི་ས་སྐྱ་ནས་གསུང་བརྟག་བབས་ཚུལ་གང་ཅིའི་བསླབ་སྟོན་ཞིབ་པ། གསེར་སྲང་གང༌། ཆིབས་གསར་མ་ལེགས་པས་གཙོས་གནང་སྦྱིན་དཔངས་མཐོ་བ་བཅས་གཟིམས་དཔོན་མགྲོན་གཉེར་དང༌། མེ་ཉག་དབོན་པོ་གཉིས་ལྕམ་འབུལ་དགོས་ཚུལ་གྱི་བསླབ་སྟོན་གནང་བྱུང་བར། ངེད་རང་ཚོ་ས་སྐྱ་པའི་གདུང་ཕེབ་པར་ཤིན་ཏུ་དུངས་པ་དང༌། བསླབ་སྟོན་ཕེབ་ཕྱིན་བཀའ་དང་བླང་ཞུ་བ་གཞིར་བཅས་ཞུས་ནས། སྐུ་ཚབ་ཕྱིར་སློག་དང་ལེན་འདེབས་ཕུལ་བས། ཞག་ཤས་ནས་ས་སྐྱ་ཕྱག་མཛོད་རྒྱུན་གྱི་དབང་པོར་ཕེབ། བཞུགས་ས་སྒྲུབ་སྡེར་མཛད། ཉིན་རེ་བཞིན་བླ་བྲང་དུ་ཕེབ་ནས་གསུང་གླེང་ཞིབ་རྒྱས་དང་ནང་མཇལ་སོགས་ཞིབ་པར་མཛད། གཞིས་ལེན་རྒྱས་པར་ཞུས། ངེད་ཀྱིས་གཞིས་སུ་ཕྱིན། ཕྱི་ཉིན་ཕྱག་མཛོད་དཔོན་གཡོག་ཕེབ་བསུར་གཞིས་ཁར་ཕེབ། གཞིས་ལེན་དང་ཚན་གྲངས་རྒྱས་པར་ཕུལ། མ་ནས་ལྕམ་འདི་དཀྱུས་མ་ཞིག་མིན་འདུག་པས། མགོན་པོ་མཇལ་བ་ན་སྙན་དར་བབས་པ། ཞལ་ཁེབས་མ་བསལ་བར་བྱེ་བ་སོགས་ལོ་ཕྱི་ནང་དུ་ལྟས་ཡ་མཚན་པ་བྱུང་འདུག་ཅིང༌། ངེད་རང་ལའང་རྨི་ལྟས་སུ་ཉི་མ་ཤར་བ། དར་པོ་ཆེ་བཙུགས་པ། ཆུ་བོ་འབབས་པ་སོགས་ལེགས་པར་བྱུང༌། གཟའ་ཚེས་ལེགས་པར་གཞིས་ནས་གདན་སར་སྐྱ་སེར་དུ་མ་དང་བཅས་རྫོང་བདའ་ཞུས། ཤབ་འདི་སྔ་སོར་ནཱ་ལེནྡྲའི་དགོན་ལག་ཡིན་པར་ཡོན་བདག་དགའ་མོ་བས་བདག་བྱེད་དགོས་གསུང་ཐོག །ཁོ་རང་ཚོས་ཀྱང་དེ་བཞིན་བྱེད་དགོས་པའི་འཕྲོས་བྱུང་བ་བཞིན་བླ་མ་མཆོག་ལེགས་བསྐོ་གཞག་བྱས། དེ་ནས་ཆོས་སྡེ་ཆེན་པོའི་གཏོར་སྤོད། བསྐང་བ་ཁྲི་ཚར། ཚེ་ཆོག །བཀའ་འགྱུར། རྒྱས་འབྲིང་བསྡུས་