R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༩༣
[A:༢༩༣]བསྔོ་ཞུས་བྱས་ཤིང༌། ལོ་མཆོད་ལ་ཚོགས་ཆེན་སོགས་ལ་ཞབས་ཏོག་དང་འབུལ་ཡོན་གྱིས་མཉེས་པར་བྱས། ཆོས་སྡེ་ཆེན་པོའི་དུས་དྲན་མཆོད་པ་དང་གཏོར་སྤོད། བསྟན་སྲུང་རྒྱ་མཚོའི་ཚོགས་ལ་བསྐང་བ་ཁྲི་ཚར་སྐབས། ཚོགས་ཆེན་དུ་བཀའ་འགྱུར། ཀུན་རིག་སྟོང་རྩ། ཕྱོགས་བཞིའི་གཏོར་མ་སོགས་རིམ་གྲོ་མང་བར་བྱས་པར་ཡོན་སོགས་ཀྱི་མཉེས་པར་བྱས། ལོ་མཇུག་གི་གཏོར་ཟློག་སོགས་བསྒྲུབ་ནས།། ༈ ས་སྦྲུལ་ལོར་ལོ་གསར་དང་ཚེ་སྒྲུབ་ཅིག་བྱས། དུས་འཁོར་གྱི་དབང་རྒྱུན་དཀོན་པ་ཞིག་འདུག་གཤིས་ཞབས་དྲུང་དབོན་ལ་བྱེད་རྩིས་ཡོད་སྐབས་མཆིམས་ཕུ་ནས་དཔལ་རི་བ་མེ་རག་དཔོན་སློབ་དབང་གསན་སར་ཆེད་གཏད་བྱོན་བྱུང་གཤིས། རྒྱུ་སྐར་བདག་པོ་ལྷ་དྲུག་བརྒྱ་དང་སོ་དྲུག་གི་དཀྱིལ་འཁོར་དུ་སློབ་མའི་གཙོ་བོ་ཞབས་དྲུང་དབོན་རིན་པོ་ཆེ། རྨོར་ཞབས་དྲུང༌། མེ་རག་དཔོན་སློབ་སོགས་གཙོ་བོར་གྱུར་པའི་སྐལ་ལྡན་གྱི་སློབ་མ་ཉི་ཤུ་རྩ་ལྔ་ལ་བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ་གསུམ་དང༌། བདག་པོ་ཆེན་པོའི་དབང་བཅས་ཕུལ་བའི་སྟ་གོན་གྱི་ཉིན་ཛོ་ཀི་ཞིག་བྱུང་ནས་དབང་རྫས་སུ་མཁོ་བའི་དུང་རྭ་ཆེན་གྱི་དུང་ཆོས་ལེགས་པ་ཞིག་དང༌། ཙནྡན་དཀར་པོའི་འབྲས་བུ་ཡིན་ཟེར་བའི་རྒྱ་འཕྲང་ཁྱད་དུ་མཚར་བ་ཞིག་བྱིན་བྱུང་ནས་བླ་མ་དང་ལྷག་པའི་ལྷས་རྟེན་འབྲེལ་བསྒྲིགས་པར་མངོན་ཞིང༌། དངོས་གཞིའི་ཉིན་ཉི་མ་སྔར་ལས་རིང་ཞིང་འཇའ་འོད་སོགས་ལྟས་ལེགས་པར་བྱུང༌། ཚོགས་ཆེན་དུ་འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་གཤོར་དབང་སོགས་མེ་རག་དཔོན་སློབ་ཀྱི་ཐུགས་བཞེད་ཀྱི་ཆོས་རྣམས་རྫོགས་པར་ཕུལ་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་སུ་ཕྱིར་ཕེབ། བླ་བྲང་དུ་མཆོད་པ་དང་བན་ཚང༌།