[A:༢༩༥]པ་དང༌། གྱིང་ལྔ་གཟའ་གདོང་སོགས་ཆོས་ཁ་ཤས་ཞུས། དགེ་སློང་རིན་པོ་ཆེ་དང༌། དགེ་སློང་ངག་དབང་དཀོན་མཆོག་གཉིས་ལ་ཆོས་ཁ་ཤས་ཕུལ་ཞིང་གནས་སུ་སླེབས། གཞིས་ཀྱི་ཁང་པ་གཅོང་ཆེས་པས་ཁང་ལས་མི་བྱེད་ཁ་མེད་བྱུང་བ་རྫོང་ལས་ཞོལ་དུ་བྱས་ན་ཁག་སུན་ཆུང་བར་ཞལ་ངོ་རྣམས་དང༌། གཡོག་རིགས་ཚང་མ་གྲོས་འཆམས་ཏེ། ཞཽལ་དུ་ངེད་རང་གི་ཁང་གཞིས་རྙིང་པ་གཡོག་ཅིག་གི་ལག་ཏུ་ཡོད་པར་ས་ཚབ་སྤྲད། དོ་ཤོལ་དུ་ཁང་པ་རྒྱག་པར་ཚང་མ་བགྲོས་ཏེ་གོང་ས་ཆེན་པོར་གསུང་བརྟག་ཞུས་པར་ཞོལ་དུ་འགབ་ཚུལ་ཕེབ་པ་བཞིན་ཁང་ཚབ་སྤྲོད་རྒྱག་རྩིས་ཀྱི་ཐག་ཆོད་ཀྱང༌། གཞན་མའི་ངན་བསླབ་ཀྱིས་ཁོང་ཚང་བསམ་བློ་འགྱུར་ཏེ་བརྗེས་ན་མི་འོང་ཚུལ་ལབས་པར་ཉེ་བ་ཞིག་བཅས་བྱུང་སྟེ་དེ་ཁའི་རྒྱུ་མཚན་མང་བ་ལབ་མུར། ཉེ་བ་དེའི་སྐེ་འགགས་ཤིང་ཚིར་ནས་སྐད་མ་ཐོན་པར་ལོག་དགོས་བྱུང་སོང་བ་ནི་དགོས་མེད་མགོ་ལས་གྲོད་པ་མཁྲེགས་པ་དཔལ་ལྡན་ལྷ་མོ་ཐུགས་ཁྲེལ་བའི་ཆོ་འཕྲུལ་དང་ཕྲིན་ལས་བསྒྲུབས་པར་མངོན་ཞིང༌། གང་ལྟར་ཁོ་རང་ཚོའང་དོགས་གཞི་བྱུང་འདུག་པ་བཅས་ས་བརྗེས་སྐོར་རང་གྲོལ་དུ་སོང་བས་ཨར་པོའི་བཅའ་བསྒྲིགས། སྟོན་སྤྱི་ཆེན་འབུལ་དཔོན་བླ་མ་རབ་འབྱམས་པ་དཔོན་སློབ་བརྒྱད་ཅུ་སྐོར་འབྱོར་ཞིང༌། གཞིས་ལེན་སོགས་ལུགས་གཉིས་ཀྱི་སྒོ་ནས་གང་ལེགས་ཞུས། ངེད་ཁུ་དབོན་ཚོགས་སུ་བོས་ཏེ་བླ་རྒན་ཞིང་གཤེགས་ཀྱི་དགོངས་རྫོགས་སུ་ཆོ་ག་སྟོང་ཚར་མཛད་པར་ཉིན་བསྟར་ཕྱིན་ཏེ་ལྷོ་སྒོ་དང༌། བསྔོ་སྨོན་གྱི་རྒྱས་འདེབས་ཡང་དག་བྱས། གྲོལ་ཉིན་ངེད་ཁུ་དབོན་ལ་རྟ་ལེགས་པ་དང༌། གཞན་ཡང་རྟ། དྲེའུ། མཛོ། ཁལ། ཇ། ཁྲབ། གོས་དར་སོགས་དངོས་པོའི་རིགས་