R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༩༧
[A:༢༩༧] ལྕགས་རྟ་ལོར་ལོ་གསར་དང༌། ཚེ་སྒྲུབ་བསྙེན་པ་ཁ་གསོ་བྱས། གྲོལ་འཕྲལ་ངེད་རང་ནས་ཟབ་མོ་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་གཙོ་བོ་རྒྱུ་དབང་དང༌། ལམ་དབང༌། མཁའ་སྤྱོད་མ། ལམ་ཟབ། བིར་སྲུང་སོགས་དང༌། དབོན་ནས་རིགས་གསུམ་སྤྱི་དབང༌། ཚེ་དཔག་ལྷ་དགུ། མི་འཁྲུགས་པའི་དབང་སོགས་མཛད་སྐབས། གོང་ས་ཆེན་པོ་ནས་བཀྲ་ཤིས་ཆོས་སྡེར་དགོངས་རྫོགས་ཀྱི་ཚོགས་དབུ་དང་ཞུགས་འབུལ་ལ་འགྲོ་དགོས་པའི་བཀའ་ཤོག་རིན་པོ་ཆེ་སྤྱི་བོར་ཕེབ་ཅིང་ཁོང་རང་གི་ཐུགས་བཞེད་ལྟར་རྒྱང་ཙམ་ནས་འོང་བའི་ཁས་ལེན་ཞུས། སྨིན་བྱེད་ཀྱི་དབང་དང༌། བྱིན་རླབས་རྣམས་གྲུབ་ནས། ལྷོ་ཁ་ཕྱོགས་སུ་དུས་ཚེས་དང་མཐུན་པར་གནས་ཀྱི་དབང་པོ་ནས་རྟ་ཁ་བསྐྱོད་དེ་རིམ་གྱིས་རྔོག་ལོ་ཡབ་སྲས་སོགས་མཁས་གྲུབ་དུ་མས་བྱིན་གྱིས་རླབས་པའི་གནས་གསང་ཕུ་ནེའུ་ཐོག་གི་ཆོས་གྲར་འབྱོར་སྐབས་མཆོད་ཁང་དཔོན་སློབ་ཀྱི་དབུས་གཞིས་དགོན་རྣམས་ཀྱིས་སེར་ཕྲེང༌། དར་འཕྱར། ཐབ་བསུ་སོགས་གང་རྒྱས་མཛད་ཅིང༌། མང་ཇ། སྦྱོར་སྦྲེལ། རྣམ་བཞག །མཆོད་ཁང་དཔོན་སློབ་ལ་ཚན་གྲངས་ཀྱང་ཕུལ། ཞག་གཉིས་བསྡད། མཆོད་ཁང་པས་གཞིས་ལེན་ཡང་དག་བྱུང༌། ཕྱི་ཉིན་སྒྲོལ་མ་རྩོད་རྒྱལ་མ་སོགས་རྟེན་རྣམས་ཞིབ་པར་མཇལ་སྐབས། ཇོ་བོ་ཡབ་སྲས་གསུམ་བར་སྣང་དུ་བཞུགས་པའི་སྣང་བ་ཤིན་ཏུ་གསལ་བ་བྱུང་ཞིང༌། མེ་ཏོག་གི་ཆར་བབས་པ་དེར་གནས་ཀུན་གྱི་མིག་ཡུལ་དུ་གྱུར་པས་ཚང་མ་ཡང་མཚན་པ་བྱེད་འདུག་པ་དང༌། རང་ཡང་ངོ་མཚར་སྙམ་པ་བྱུང་བ་ནི་གནས་གཞན་དང་མི་འདྲ་བའི་བྱིན་རླབས་སུ་མངོན། དམ་པ་དུ་མས་བྱིན་རླབས་གསང་ཕུར་སླེབས། །དམ་པའི་སྐུ་གསུམ་ནམ་མཁའི་དབྱིངས་ནས་མཐོང༌། །དེ་ཚེ་སུམ་རྩེན་ལྷ་ཡིས་