R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༡༠
[A:༣༡༠]གཉེར་སོགས་ཀྱི་སྟབས་མགྱོགས་མྱུར་གནང་དགོས་པའི་བསླབ་སྟོན་རིན་པོ་ཆེ་གནང་དགོས་ཚུལ་གྱིས་སྙན་འཇགས་ཞུ་ནན་ཆེ་བར་བྱས། ངེད་རང་གི་གཞིས་ཀྱི་ཁང་པར་མིང་ཞིག་གནང་དགོས་ཚུལ་གོང་དུ་སྙན་འབུལ་ཞུས་པར་བསམ་གྲུབ་བདེ་ཆེན་དུ་སྩལ། ལྷ་སར་སྡོད་རིང་ལྕགས་ཟམས་ཞབས་དྲུང་རིན་པོ་ཆེ། རྣམ་གླིང་པཎ་ཆེན། ཤེལ་དཀར་ཁྲི་ཟུར་པ་སོགས་ལ་བདེ་མཆོག་བོང་ཞལ་ཅན་གྱི་དབང་ཕུལ། ལྕགས་ཟམ་ཞབས་དྲུང་རིན་པོ་ཆེར་ཁྲིད་བརྒྱའི་ལུང་ཞུས། བཀྲ་ཤིས་ཆོས་སྡེའི་དབོན་རིན་པོ་ཆེར་ཕྱག་རྡོར་འགྲོ་བཟང་གི་རྗེས་གནང་ཕུལ་ཞིང༌། སྐུ་ཆོས་འཕྲལ་གནང་ངོས་ཐུགས་གཉེར་སོགས་གནང་དགོས་ཚུལ་ཞིབ་རྒྱས་ཞུས་པས་ཐུགས་ལ་བབས་པ་བྱུང་སོང༌། ཕོ་བྲང་ཆེན་པོ་དང༌། ར་ས་འཕྲུལ་སྣང༌། ར་མོ་ཆེ་སོགས་ཀྱི་རྟེན་རྣམས་ཞིབ་པར་མཇལ་ཞིང༌། སྙན་ཤལ་དང་མཆོད་པ་རྒྱས་པ་ཕུལ། ཞག་ཤས་ནས་ཐོན་ཕྱག་ཞུས་པར་ཧུབ་ཇ་འཁོར་དྲུག་ཕྱེད་གཉིས་སོགས་གནང་སྦྱིན་དཔངས་མཐོ་བར་སྩལ་ཞིང་རང་གནས་སུ་འབྱོར། དབོན་སོགས་དོན་གཉེར་བ་ཁ་ཤས་ལ་འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་ཞིག་བྱས། གཞིས་སུ་ཕྱིན། ཞག་གསུམ་བསྡད་སྐབས་ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་གདན་དྲངས་ཏེ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་གྱི་ནང་དང་གསང་བའི་རྗེས་གནང་རྔོག་སྟོན་གཉིས་ཀྱིས་མཛད་པའི་ཡིག་ཆའི་ཐོག་ནས་ཞུས། དཔལ་ལྡན་བླ་མ་འདི་ཉིད་ལ་ལྷ་མོས་མནལ་ལམ་གྱི་ཚུལ་དུ་གནང་བའི་ཡང་གསང་གཙོ་རྐྱང་གི་རྗེས་གནང་སོགས་ཞུས་ཞིང༌། བླ་མ་འདི་དུད་སོལ་ལྷ་མོ་བྲན་དུ་འཁོལ་ཞིང༌། རྫོགས་པ་ཆེན་པོ་སོགས་ཀྱི་ཉམས་རྟོགས་མཐར་ཕྱིན་པ་ངེས་པར་གྲུབ་པའི་དབང་ཕྱུག་ཁོ་ནར་ངེས་ཤེས་སྙིང་ནས་སྐྱེས། ཕར་ཡང་བདེ་མཆོག་